སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བྱ་སྤྱོད་འཆར་གཞི་བཏོན་ནས་ས་ཁུལ་དབུལ་བའི་བདེ་ཐང་དབུལ་སྐྱོར་ལ་རམ་འདེགས་བྱས་པ།
སྤེལ་དུས། 2018-01-05   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་སྒྲིག་པ།  མཁའ་འགྲོ།
          ཤིན་ཏུ་དབུལ་བའི་ས་ཁུལ་གྱི་མང་ཚོགས་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོ་ཆགས་པའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་《མཚོ་སྔོན་ཞིང་ཆེན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་བདེ་ཐང་དབུལ་སྐྱོར་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་》བཏོན་ནས་གཙོ་གནད་ས་ཁུལ་དང་། གཙོ་གནད་མི་ཚོགས། གཙོ་གནད་ནད་རིགས་བཅས་ཚད་བརྒལ་བྱེད་སར་བྱས་ནས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ་ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོ་ཆགས་ཚད་ཉུང་དུ་ནུས་ལྡན་གཏོང་བ་དང་འཕར་ཚད་བཀག་འགོག་བྱ་རྒྱུ་ཡིན་པ་རེད།
          མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཞའོ་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་བཅོས་སྒྱུར་བཅོས་ལག་བསྟར་བྱས་ཚུན་མཚོ་སྔོན་ཞིང་ཆེན་གྱིས་ནད་གཞི་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོ་ཆགས་པར་དམིགས་ནས་ཁ་གསབ་འགན་བཅོལ་དང་ནད་ཆེན་སྐྱོབ་རོགས་སོགས་མཉམ་སྡེབ་བྱ་ཐབས་བཏོན་པ་དང་། ད་རེས་ཀྱི་བྱ་སྤྱོད་འཆར་གཞིའི་ནང“འདུ་འགོད་ཆེན་པོ་བཅུ”ལག་བསྟར་བྱས་ཏེ་ཕན་འབྲས་སྲ་བརྟན་དུ་གཏོང་རྒྱུ་ཡིན་པ་སྟེ། ནད་ཆེན་མཐའ་སྐྱོང་འགན་ལེན་འདུ་འགོད་དང་། ནད་ཆེན་སྐྱོབ་བཅོས་དང་གཅོང་ནད་གན་འཇོག་གི་གཞི་ཁྱོན་ཆེ་རུ་དང་སྤུས་ཚད་མཐོ་རུ་གཏོང་བའི་འདུ་འགོད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཁོད་སྙོམས་དང་ཁ་གསབ་འདུ་འགོད། སྨན་བཅོས་འཕྲོད་བསྟེན་གྱི་ཆ་འཕྲིན་ཕན་ཚུན་འབྲེལ་མཐུད་འདུ་འགོད། གཞི་རིམ་གྱི་འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་འདུ་འགོད། ཁ་གཏད་དབུལ་སྐྱོར་གྱི་གནད་སྨིན་གཏིང་ཟབ་འདུ་འགོད། བདེ་ཐང་ཡར་སྐུལ་དང་བདེ་ཐང་ཤེས་བྱ་ཁྱབ་སྤེལ་འདུ་འགོད། ནད་ཡམས་ཚབས་ཆེན་སྔོན་འགོག་ཚོད་འཛིན་འདུ་འགོད། བུད་མེད་དང་བྱིས་པའི་བདེ་ཐང་དང་འཆར་ལྡན་བུ་བཙའི་ཞབས་ཞུ་འགན་ལེན་འདུ་འགོད། གྲོང་གསེབ་ཀྱི་ཁོར་ཡུག་དང་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྒྲིག་འདུ་འགོད་བཅས་སོ།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716