སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་གློག་སྐུད་ཚང་མ་འཁྲིད་ཟིན་པ།
སྤེལ་དུས། 2018-01-05   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ཆོས་སྒྲོན།

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་གློག་སྐུད་ཚང་མ་ཁྲིད་ཟིན་ནས་དུད་ཚང་9ཡི་མང་ཚོགས་32ཚང་མས་རྒྱལ་ཁབ་གློག་དྲའི་རྒྱུན་མི་ཆད་པའི་གློག་ནུས་སྤྱོད་ཐུབ་པ།
          ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་གློག་སྐུད་ཚང་མ་ཁྲིད་ཟིན་ནས་དུད་ཚང་9ཡི་མང་ཚོགས་32ཚང་མས་རྒྱལ་ཁབ་གློག་དྲའི་རྒྱུན་མི་ཆད་པའི་གློག་ནུས་སྤྱོད་ཐུབ་རྒྱུ་ཡིན་པ་རེད།
          ཡུལ་སྨད་ཤང་འདི་ཉིད་རང་རྒྱལ་གྱི་མཐའ་མཚམས་སུ་གནས་པས་མཐའ་འཁོར་ཚང་མ་རི་ཡིན་པའི་ཁར་ཆ་སྙོམས་ས་བབ་མཐོ་ཚད་སྨི་3650ཡི་ཐག་རིང་ལུང་ཁུག་སར་གནས་ཡོད། དུས་ཡུན་རིང་པོའི་ནང་ཡུལ་སྨད་ཤང་དུ་སངས་རྒྱས་ཆོས་འཕགས་དང་ཁོང་གི་བུ་མོ་རྒན་གཞོན་སྒྲོལ་དཀར་དང་གཡང་འཛོམས་གཉིས་ལས་མེད་པས“མི་གསུམ་ཤང”ཞེས་བརྗོད་སྲོལ་ཡོད། རང་རྒྱལ་གྱིས་མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་བསྟུན་ནས་ས་གནས་དེ་གའི་མི་འབོར་ཡང་དུད་ཚང་9དང་མི་གྲངས་32བར་མང་དུ་ཕྱིན་ཡོད།
          དུས་ཡུན་རིང་པོའི་ནང་། གློག་སྤྱོད་གནད་དོན་དེས་ཡུལ་སྨད་ཤང་གི་མང་ཚོགས་དང་གཞི་རིམ་སྡེ་ཚན་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད། 2008ལོར་ས་གནས་དེ་གས་ཆན་ཝ་125ཡི་ཆུ་ཤུགས་གློག་ཁང་ཆུང་ངུ་ཞིག་བསྐྲུན་ནའང་མི་འབོར་མང་དུ་ཕྱིན་པ་དང་མི་སེར་གྱི་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་སྟབས། གློག་སྤྱོད་དགོས་མཁོ་ཇེ་ཆེར་སོང་ནས་ཤང་ནང་རྟག་ཏུ་གློག་ཆད་ཀྱི་ཡོད་པ་རེད།
          2017ལོའི་ཟླ་8པར། ཡུལ་སྨད་ཤང་དུ་གློག་སྐུད་འཁྲིད་པའི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཤིང་། རྣམ་གྲངས་སྤྱི་ཁྱབ་པུའི་ལག་རྩལ་ཆེ་མོ་བ་པའེ་ཧྥུང་གིས“བཟོ་པ་ཚོས་ལས་དུས་འཕར་མ་བྱས་པ་མ་ཟད། འཕྲུལ་འཁོར་འཛེག་མི་ཐུབ་པའི་ས་ཆར་མི་ཤུགས་ལ་བརྟེན་ནས་གློག་ཤིང་བཙུགས་ཡོད། གལ་ཏེ་བདེ་ལམ་ཐོག་གློག་ཤིང་བཙུགས་ཚེ། སྐར་མ་20ལས་འགོར་གྱི་མེད། འོན་ཀྱང་དེར་ཉིན་གཅིག་ནས་གཉིས་བར་འགོར་གྱི་འདུག”ཅེས་བཤད།
          “གློག་སྐུད་འཁྲིད་སྐབས་དེ་བས་རྙོག་དྲ་ཆེ། བཟོ་པ་ཚོས་སྐེད་པར་བདེ་འཇགས་ཐག་པ་བཏགས་ནས་གཡང་གཟར་དང་གདོད་མའི་ནགས་ཚལ་བརྒྱུད་ནས་གློག་སྐུད་འཁྲིད་དགོས་ཀྱི་ཡོད། 2017ལོའི་ལོ་མཇུག་བར་ཟླ་བ་ལྔ་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད། ཡུལ་སྨད་ཤང་དུ་གློག་སྐུད་ཚང་མ་ཁྲིད་ཟིན”ཞེས་པའེ་ཧྥུང་གིས་བཤད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716