སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་གཞག་ལ་ཕན་འབྲས་ཆེས་གཙོ།
སྤེལ་དུས། 2015-12-09   ཡོང་ཁུངས། གསར་འགྱུར་དྲ་བ།   རྩོམ་པ་པོ།  

  "གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཡོང་བ་མཐའ་འཁྱོངས་བྱེད་པར་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་ནི་འགག་རྩ་ཡིན"ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་ཐོག་གཏམ་བཤད་གལ་ཆེན་གནང་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་པར་ངེས་པར་དུ་འགལ་བ་དང་གནད་དོན་ལ་ཐད་ཀར་ཕྱོགས་དགོས་པ་དང་། ངེས་པར་དུ་ཁོང་དུ་ཆུད་པར་བྱེད་པའི་བསམ་ཕྱོགས་དང་བྱ་ཐབས་ནི་དུས་བབ་གསར་པའི་འོག་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཡག་པོ་བསྒྲུབས་པའི་བརྟག་ཐབས་གལ་ཆེན་ཞིག་ཡིན་ལ། ང་ཚོས་ཀུན་སེམས་གཅིག་འགྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་རྩ་བའི་གཞི་འཛིན་ས་ཞིག་ཀྱང་ཡིན་ལུགས་བཏོན་གནང་མཛད་ཡོད། གནད་དོན་ནི་དུས་རབས་ཀྱི་འབོད་སྒྲ་ལྟ་བུ་ཡིན་པས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་པར་གནད་དོན་ལ་ངོས་འཛིན་ཡང་དག་དང་གནད་དོན་ཐག་གཅོད་བྱ་རྒྱུ་ནི་འགག་རྩ་ཡིན། འགག་སྒྲོལ་དམག་འཐབ་འདིར་རྒྱལ་ཁ་ཐོབ་པར་འགོག་རྐྱེན་བཟོ་བའི་རྒྱུ་རྐྱེན་མང་པོ་མཆིས་པ་ཕྱོགས་གཅིག་ཏུ་བསྡུས་ན་རྒྱུ་རྐྱེན་གཉིས་ལས་མ་འདས་པ་སྟེ། གཅིག་ནི་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་ཏེ་ས་ཁུལ་དབུལ་པོ་མི་ཉུང་བར་རང་གནས་སའི་ཐོན་ཁུངས་ཀྱིས་རང་ཉིད་ཀྱི་འཚོ་བ་འཕྱིད་མི་ཐུབ་པ་དང་། གཅིག་ཤོས་ནི་རང་ངོས་ཀྱི་རྒྱུ་རྐྱེན་ཡིན་པས་ངེས་པར་དུ་ཕྱོགས་ཚང་མའི་ཧུར་སེམས་བསྐྱེད་དུ་བཅུག་ནས་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། གནད་དོན་ལ་ཐད་ཀར་ཕྱོགས་པ་ནི་བློ་སྟོབས་ཤིག་དང་། གནད་དོན་སེལ་རྒྱུ་ནི་ཆུ་ཚད་ཅིག་ཡིན་པས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གནད་དོན་འཚོལ་བ་དང་དེར་དོ་སྣང་བྱས་ཚེ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཐུབ་ནས་དམག་འཐབ་དྲག་པོ་འདིར་རྒྱལ་ཁ་ཐོབ་རྒྱུར་རྨང་གཞི་ཡག་པོ་ཞིག་འདིང་ཐུབ།

  གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཡོང་བ་བྱ་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་པའི་གཞི་རྩའི་ཐབས་བཀོད་ཡིན་པ་དང་། དེའི་ནང་ནས"སུ་ལ་དབུལ་སྐྱོར་བྱེད་པ"དང་། "སུས་དབུལ་སྐྱོར་བྱེད་པ" "དབུལ་སྐྱོར་ཇི་ལྟར་བྱེད་པ"བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་འགག་རྩ་ཡིན། མི་འབོར་དབུལ་པོ་གསལ་ཤེས་ཐུབ་པ་བྱ་རྒྱུ་ནི་དབུལ་སྒྲོལ་གནད་སྨིན་ཡོང་བའི་སྔོན་འགྲོ་ཡིན་པར་བརྟེན། མི་འབོར་དབུལ་པོ་ཡོད་དོ་ཅོག་ལ་ཡིག་ཚགས་དང་གཱ་བཟོས་ཏེ་དུད་ཚང་ལ་གནད་སྨིན་དགོས་རིགས་ངེས་པར་དུ་དུད་ཚང་ལ་གནད་སྨིན་ཐུབ་པ་བགྱིས་ཏེ་མི་འབོར་དབུལ་པོ་དངོས་གནས་གསལ་ཤེས་དང་། མི་འབོར་དབུལ་པོ་དང་། དབུལ་ཕོངས་ཀྱི་ཚད། དབུལ་པོ་ཆགས་རྐྱེན་སོགས་གསལ་པོ་ཤེས་པ། དུད་ཚང་དང་མིར་བབ་བསྟུན་གྱིས་བྱ་ཐབས་སྤྱད་ཚེ་གཞི་ནས་དབུལ་སྐྱོར་དངོས་གནས་ཐུབ་ངེས་ཡིན། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་མ་གཏོང་བའི་འགག་རྩ་ནི་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་ཡིན་པར་བརྟེན་ཀྲུང་དབྱང་ནས་སྤྱི་འདོམས་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)གྱིས་སྤྱིའི་འགན་འཁུར་བ། གྲོང་ཁྱེར(ས་ཁུལ)གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དབུལ་སྐྱོར་གསར་སྤེལ་ལས་ཀའི་ལམ་སྲོལ་མགྱོགས་མྱུར་ཆགས་པའི་ཐོག་ནས། ལས་བགོས་ཞིབ་ཕྲ་དང་། འགན་འཁྲི་གསལ་བ། ལས་འགན་མི་ཐོག དཔྱད་ཞིབ་གནད་ལ་འཁེལ་བ་བྱས་ཚེ། གཞི་ནས་རང་འགན་སོ་སོར་འཁུར་བ་དང་རང་འགན་གཙང་སྒྲུབ་ཐུབ་ལ་མཐུན་སྦྱོར་འཁོར་སྐྱོད་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྟིང་ཤུགས་བསྐྱེད་ཐུབ།

  ནད་ལ་ཕན་པའི་སྨན་ཤོག་མ་ནོར་བར་འབྲི་བ་ལྟར་བྱས་ཚེ་གཞི་ནས་དབུལ་པོ་ཆགས་རྐྱེན་གྱི་རྩ་བ་ཤེས་ཐུབ། ས་གནས་སོ་སོའི་གནས་ཚུལ་སྣ་ཚོགས་པས་བྱེད་སྟངས་གཅིག་རང་ནས་བསྒྲུབ་རྒྱུ་མིན་པར་ཡུལ་བབ་དང་བསྟུན་ནས་མང་ལ་སྣ་ཚོགས་པའི་གནད་སྨིན་དབུལ་སྐྱོར་གྱི་ཐབས་ལམ་གསར་པ་འཚོལ་དགོས། ཐབས་ལམ་གཙོ་བོའི་ཆ་ནས་བཤད་ཚེ། "དབུལ་སྐྱོར་ཇི་ལྟར་བྱ་རྒྱུའི"གནད་དོན་ཐག་གཅོད་བྱེད་པར་ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོའི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས། "ལྔ་ཁག་གཅིག"གི་འདུ་འགོད་ལག་ལེན་བསྟར་རྒྱུ་འགག་རྩ་ཡིན་པ་སྟེ། གཅིག་ནས་ཐོན་སྐྱེད་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཡོང་བར་ས་གནས་ཀྱི་ཐོན་ཁུངས་ལ་གཞིས་བཙུགས་ཏེ་རང་སར་དབུལ་སྒྲོལ་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་ས་གནས་གཞན་ལ་སྤོས་ཏེ་ཁག་གཅིག་དབུལ་སྒྲོལ་ཡོང་བ་བྱས་ནས་སྤོ་ཐུབ་པ་དང་། བརྟན་པོར་གནས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བྱེད་དགོས། གསུམ་ནས་སྣོད་བཅུད་ཀྱི་ཁ་གསབ་སྤྲད་དེ་ཁག་གཅིག་དབུལ་སྒྲོལ་ཡོང་བ་བྱས་ནས་ངལ་རྩོལ་ནུས་ཤུགས་ལྡན་པའི་མི་འབོར་དབུལ་པོ་ས་ཆ་དེ་རང་དུ་ནགས་སྲུང་སོགས་ཀྱི་སྣོད་བཅུད་སྲུང་སྐྱོང་མཁན་ལ་འགྱུར་བ་བྱེད་དགོས། བཞི་ནས་སློབ་གསོ་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཡོང་བ་བྱས་ཏེ་སློབ་གསོར་བརྟེན་ནས་མི་རབས་གཉིས་པ་ནས་དབུལ་པོའི་རྒྱུན་ཆོད་པའི་ཕུགས་རྩའི་ནུས་པ་དམིགས་བཀར་དུ་འདོན་དགོས། ལྔ་ནས་སྤྱི་ཚོགས་འགན་སྲུང་གི་མཐའ་བསྐྱངས་ཏེ་ཁག་གཅིག་མཐའ་སྐྱོབ་བྱས་ནས་མི་འབོར་དབུལ་པོའི་ཁྲོད་ངལ་རྩོལ་ནུས་ཤུགས་ཡོངས་སུ་ཤོར་བའམ་ཆ་ཤས་ཤོར་བའི་མིར་སྤྱི་ཚོགས་འགན་སྲུང་ཐོག་ནས་མཐའ་སྐྱོབ་བྱེད་དགོས་པ་བཅས་ཡིན།

  དབུལ་སྒྲོལ་ལས་དོན་ཡག་པོ་སྒྲུབ་མིན་དང་མང་ཚོགས་དབུལ་པོ་དབུལ་པོའི་གནས་ལས་གྲོལ་མིན་དེ་རང་གིས་བཤད་པར་མི་བརྩི་བར་ས་གནས་དེ་གའི་མང་ཚོགས་རང་ཉིད་ཀྱིས་ཤོད་དགོས་པ་དང་། དབུལ་སྒྲོལ་ཐུབ་མིན་དེ་མང་ཚོགས་དང་མཉམ་དུ་རྩིས་བརྒྱབ་ནས་མང་ཚོགས་ཀྱིས་ཁས་ལེན་ཐོབ་དགོས་པས། དོན་དམ་པའི་ཐོག་ཤུགས་རྒྱག་པ་དང་། འབད་པས་བརྩོན་པ། དཀའ་བ་སྤྱོད་པ་བཅས་བྱས་ཚེ་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་གནད་ཇི་ལྟར་ཆེ་ཡང་ང་ཚོས་ཏན་ཏན་སྒྲོལ་ཐུབ།

  དུས་བཀག་བཞིན་དབུལ་སྒྲོལ་འགག་སྒྲོལ་ཡོང་བའི་དམིགས་ཚད་ནི་རྒྱལ་ཡོངས་མི་དམངས་ཀྱི་ཡུན་རིང་འདུན་པ་ཡིན་ལ་ང་ཚོས་གཞན་ལ་དཀྲི་ཐབས་བྲལ་བའི་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན། "མི་རྣམས་ཀྱི་ལྟོ་གོས་འཕྱིད་རྒྱུའི"བརྩེ་སེམས་བཅངས་ནས་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་ལས་ཀ་ཏན་ཏིག་བསྒྲུབས་ཏེ་ཡུས་ཀུང་གིས་རི་བོ་སྤོ་བའི་བློ་སྟོབས་ལ་བརྟེན་ནས་དཀའ་སྒྲུབ་དངོས་སྒྲུབ་ཀྱིས་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་ཁག་གཅིག་རྗེས་སུ་གཏན་ནས་མ་ལུས་པར་བྱས་ཚེ། མི་དམངས་ལ་བློ་ཡིད་ཚིམས་པའི་རྒྱུགས་འབྲས་ཡག་པོ་ཞིག་འབུལ་ཐུབ་པ་དེ་ཡིན།

  ཁ་བྱང་ཕྱི་མོ། དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་གཞག་ལ་ཕན་འབྲས་ཆེས་གཙོ།
(རྩོམ་འགན་པ། དབང་འདུས།)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070