སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་ཕྱིར་ཆབ་སྲིད་འགན་ལེན་བྱེད་དགོས།
སྤེལ་དུས། 2016-01-07   ཡོང་ཁུངས། བོད་ལྗོངས།   རྩོམ་པ་པོ།  མགོན་པོ།
ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་རིམ་སྤེལ་དཔྱད་གཏམ་དགུ་པ།

  "སྒྱུར་བཅོས་སྒོ་དབྱེའི་ལས་འགན་ཇི་ཙམ་ལྕི་བ་དེ་ཙམ་གྱིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས་པ་མ་ཟད། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བ་བྱེད་དགོས"ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཐོག་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་འགག་རྩ་བསྟན་ཡོད།

  "ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་དམིགས་ཚད་དུས་ཐོག་ཏུ་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩ་ནི་ཏང་ལ་རག་ལས་ཡོད་ལ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་ཡང་རག་ལས་ཡོད"ཅེས་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འགོ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཏང་ནན་སྐྱོང་མཐའ་འཁྱོངས་བྱེད་པ། བདེན་འཚོལ་དངོས་སྒྲུབ་སོགས་ཀྱི་ཐད་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་ཤུགས་རྒྱག་ས་སྔར་བས་ཁ་གསལ་བཟོས་པ་རེད།

  "ལོ་ལྔ་ཚན་བཅུ་གསུམ་པར"རྒྱང་ལྟ་བྱེད་སྐབས་རང་ལྗོངས་ཀྱིས་རྒྱལ་ཡོངས་དང་དུས་གཅིག་ཏུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག"ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་ཤེས་ལྡན་པའི་དཔུང་ཁག གཞི་རིམ་རྩ་འཛུགས་བཅས་འཛུགས་སྐྱོང་ཡག་པོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས"ཞེས་པ་དེ་ནི་རང་རེའི་ཏང་གི་བོད་སྐྱོང་འཐབ་ཇུས་ཀྱི་དོན་སྙིང་གཙོ་བོ་ཡིན་ལ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་སྲུང་བརྩི་ཞུ་དགོས་པའི་ཆོས་ཉིད་ཅིག་རེད།

  "ལམ་ལུགས་ཀྱི་གནད་དོན་ཐག་གཅོད་མ་བྱུང་ཚེ། བསམ་བློའི་སྤྱོད་ཚུལ་གྱི་གནད་དོན་ཡང་ཐག་གཅོད་ཡོང་ཐབས་བྲལ"རང་རེའི་ཏང་གིས་ཁྱོན་ཡོངས་ལ་སྤྱི་སྡོམ་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་པའི་ཆེས་གཞི་རྩ་ནི་ལམ་ལུགས་ལ་བརྟེན་དགོས། དཔལ་འབྱོར་རྒྱུན་སྲིང་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་ཧུར་ཐག་བྱས་ནས། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་དུས་གཅིག་ཏུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་རྒྱུ་འགན་ལེན་བྱེད་པའི་འགག་རྩ་ནི་སྔར་བས་ནུས་ལྡན་གྱི་ལམ་ལུགས་དང་ལས་ཀའི་ལམ་སྲོལ་བཀོད་སྒྲིག་བྱེད་དགོས་པར་རག་ལས་ཤིང་། ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དམངས་གཙོའི་ཐབས་ཇུས་མཐའ་འཁྱོངས་བྱས་ནས་བཅའ་ཁྲིམས་དང་། སྒྲིག་སྲོལ། སྒྲིག་ཁྲིམས་བཅས་ཀྱི་ཐབས་ཇུས་བཞིན་སྒྲིག་བཤེར་དང་། ལྟ་ཞིབ། རྩིས་བཤེར་བཅས་སྡེ་ཚན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དཔལ་འབྱོར་ལས་ཀའི་ལམ་ལུགས་དང་དཔལ་འབྱོར་ཐབས་ཇུས་ཀྱི་ལམ་ལུགས་ལ་མུ་མཐུད་ཞིབ་འཇུག་དང་འཐུས་ཚང་དུ་བཏང་ནས་དཔལ་འབྱོར་འགན་འཁྲིའི་ལམ་ལུགས་སྔར་བས་ནན་དུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་ལས་ཀའི་ལམ་སྲོལ་ལ་བརྟེན་ནས་དཔལ་འབྱོར་སྐྱོན་བྲལ་ངང་འཁོར་སྐྱོད་དང་ལེགས་ལ་མྱུར་བའི་ངང་གོང་འཕེལ་ཡོང་བའི་འགན་ལེན་བྱེད་དགོས།

  འཕེལ་རྒྱས་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པས། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་མ་གཏོང་རྒྱུ་དེ་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་པའི་ནུས་པར་རག་ལས་པ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་གི་ནུས་པ་དང་། འཆར་འགོད་ནུས་པ། ལས་སྒྲུབ་ནུས་པ། གསར་གཏོད་ནུས་པ་བཅས་ལ་རག་ལས་ཡོད། སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ནུས་པ་ཆེ་རུ་གཏོང་བར་ཆབ་སྲིད་ཀྱི་བྱང་ཚད་དང་། ཀུན་སྤྱོད་ཀྱི་བྱང་ཚད། ལས་སྒོའི་བྱང་ཚད། སེམས་ཁམས་ཀྱི་བྱང་ཚད། ཚན་རིག་མཐུན་པའི་ཐབས་ཇུས་འགོད་ནུས་བཅས་ཆེ་རུ་ཏན་ཏིག་བཏང་ནས་དཔལ་འབྱོར་གྱི་ཆོས་ཉིད་དང་། རང་བྱུང་གི་ཆོས་ཉིད། སྤྱི་ཚོགས་ཀྱི་ཆོས་ཉིད་བཅས་སྔར་བས་ལེགས་པའི་སྒོ་ནས་སྟངས་འཛིན་དང་ཁོང་དུ་ཡག་པོ་ཆུད་པར་བྱེད་དགོས་པ། ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་བར་ཆབ་སྲིད་ཀྱི་འདུ་ཤེས་དང་། སྲིད་དབང་གི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས་མང་ཚོགས་ཀྱི་ལས་ཀའི་སྒྲིག་གཞི་ལམ་སྲོལ་དང་བྱ་ཐབས་བྱེད་ཐབས་གསར་གཏོད་བྱས་ཏེ་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱ་ཐབས་རང་འགུལ་ངང་སྤྱད་དེ་སྒྱུར་བཅོས་ཟབ་གཏོང་དང་། འཕེལ་རྒྱས་ལ་སྐུལ་གཏོང་། འགལ་བ་སེལ་བ། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་དགོས།

  འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཏན་ཏིག་ངང་འཁུར་བར་དེ་བས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་དགོས། ཏང་ནན་སྐྱོང་གི་གཙོ་གནད་དེ་རྩ་བ་བཅོས་རྒྱུ་དེ་ཡིན། 《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་ཀྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས"དམིགས་བསལ་རང་བཞིན་མེད་པའི"བསམ་བློར་ཤུགས་སྣོན་རྒྱག་པ་དང་། ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་དུ་གཏོང་བ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དབང་ཆ་བེད་སྤྱོད་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ཁག་བློ་བརྟན་འགྱུར་མེད་ངང་དམིགས་སར་དོན་འཁྱོལ་ཐུབ་པ་བྱེད་དགོས།

  རང་འགུལ་ངང"ནན་གསུམ་དྲང་གསུམ"ལག་ལེན་དུ་བྱེད་པའི་བླང་བྱ་ལྟར་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས"འཕེལ་རྒྱས་ཀྱི་འདུ་ཤེས་ལྔ"ལག་ལེན་དུ་བྱེད་པ་དང་། "མི་ལོ་ཉིས་བརྒྱར་འཚོ་ཐུབ་ཚེ། རྦ་རླབས་ལེ་དབར་སུམ་སྟོང་གཡོ་བར་ནུས"པའི་འགན་འཁུར་དང་། "རི་གཤག་ལམ་གཏོད་དང་ཆུ་མཐོང་ཟམ་འཛུགས"ཀྱི་བློ་སྟོབས། "བྱས་པའི་རྗེས་དང་འདྲུད་པའི་ཤུལ"གྱི་སེམས་ཤུགས་བརྟན་པོ་བཅས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་སྣེ་འཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་བརྗིད་ཆེའི་དམིགས་ཚད་ཐུན་མོང་ཐོག་བསྒྲུབ་དགོས།
 
  ཁ་བྱང་ཕྱི་མོ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་ཕྱིར་འགྱུར་མེད་སྟོབས་ལྡན་གྱི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས།
(རྩོམ་འགན་པ། དབང་འདུས།)
 
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070