སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དྲིན་ཆེན་གྱི་ཨ་མ།
སྤེལ་དུས། 2016-07-11   ཡོང་ཁུངས། ཀུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཅོ་ནེ་འཇམ་དབྱངས་སྦྱིན་པ།

ལང་ཚོའི་གཟུགས་གཞི་འཁྱོག་པའི་བྱམས་ལྡན་མས།།

ཟླ་དགུར་ལུས་ལ་ཁུར་ཞིང་བཙས་པའི་མཐར།།

ཚེ་སྲོག་གསར་བའི་ལང་ཚོ་སྨིན་པའི་བར།།

གཅེས་པའི་གཉེར་སྐྱོང་ནམ་ཡང་བརྗེད་པ་མེད།།

 

བརྩེ་བར་སྒེར་སེམས་མེད་པའི་དྲིན་ཅན་མས།།

རྟག་ཏུ་འཁོར་བའི་ལས་དོན་རྫོགས་མེད་ཀྱང་།།

བུ་ཕྲུག་བདེ་དགའི་དཔལ་ལ་རོལ་སེམས་ཀྱིས།།

དཀའ་བ་ཁྱད་བསད་ཉིན་མཚན་དུས་དྲུག་འདའ།།

 

སྡིག་སྡུག་ཁྱད་དུ་གསོད་པའི་བྱམས་ལྡན་མས།།

མདྨའི་མདངས་ལས་ཕྱུང་བའི་བྱམས་བརྩེ་ཡིས།།

བསགས་པའི་ཟས་བཅུད་མངར་མོ་ཡོད་རྒུ་ཡང་།།

ཕངས་མེད་བུ་དང་བུ་མོར་སྦྱིན་འདི་མཚར།།

 

རི་ཆུ་སྟོང་གིས་བསྐལ་བའི་ས་མཐའ་རུ།།

བུ་ཆུང་ང་རང་བདེ་བར་འཚོ་བའི་ཆེད།།

སེམས་ཀྱི་སྨོན་འདུན་གྲངས་མེད་བུའི་ཕྱོགས་ལ།།

ཤོར་བ་འབྲི་མོ་བེའུར་དུང་བ་བཞིན།།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716