སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྗེས་དྲན་གྱི་རྡོ་རིང་།
སྤེལ་དུས། 2016-07-12   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ས་སྨིན་གྲོལ།

གངས་རིས་བསྐོར་བའི་ཞིང་ཁམས་ཡུལ་ལྗོངས་འདིར། །

ཆོལ་ཁ་གསུམ་གྱིས་གྲུབ་པའི་ཕ་ས་ན། །

མདོ་སྨད་ཕྱོགས་མཐར་གནས་པའི་ཅོ་ནེ་བ། །

མདོ་སྨད་ཕྱོགས་མཐར་གྲུབ་པའི་ཕ་ས་ན།།

མདོ་སྨད་ཕྱོགས་མཐར་གནས་པའི་ཅོ་ནེ་བ།།

གནའ་བོའི་རྡོ་རིང་གསེབ་ན་ཤིན་ཏུ་འགྱིང་། །

 

མཐའ་སྲུང་མངགས་པའི་དཔའ་བོ་ཁར་སྐྱེས་འདིའི། །

སེམས་ཀྱི་གཏིང་ན་གནས་པའི་མགོ་དཀར་བ།།

ས་མཐར་སྤྱུགས་པའི་གཏམ་རྒྱུད་མཐོང་ཐོས་དེ།།

བོད་མི་རྣམ་པའི་སེམས་སུ་གསོན་པོར་གནས།།

 

དེའི་ཕྱིར་ཁྱེད་ཀྱིས་ཕྱི་ཡི་དགྲ་མགོ་བཅད།།

དོན་མེད་ཉམ་ཐག་འདི་ཡི་ཚེ་སྲོག་མཐུད།།

རང་སྡེ་སླར་གསོ་བསྐྲུན་པའི་དཔའ་མཛངས་ཁྱེད།།

འཇིག་རྟེན་འདི་ན་ཁྱེད་ལས་གཞན་གང་མཆིས།།

 

ཐུགས་རྒྱུད་མཁའ་ལྟར་ཡངས་པའི་གཟི་བྱིན་དང་།།

ངོ་མཚར་ཆེ་བའི་དབུས་ན་འགྱིང་རྔམས་ཏེ།།

དགའ་ལྡན་གསེར་ཁྲི་ལ་མངའ་བའི་རིམ་བྱོན་རྗེ།།

ཕ་ཡུལ་ཅོ་ནེ་ཕྱོགས་ལས་རྣམས་པར་རྒྱལ།།

ལུང་རྟོག་གཉིས་ལྡན་སྐྱེད་བུ་དམ་པ་འཁྲུངས།།

ཆེན་པོ་སུས་ཀྱང་འགྲན་ཟླ་མི་ནུས་པའི།།

མཁས་པའི་ལག་རྗེས་འབར་བའི་འོད་སྟོང་བ།།

ཅོ་ནེ་གྲགས་པ་བཤད་སྒྲུབ་ཁྱེད་ཉིད་ཡིན།།

 

ཆོས་སྲིད་གཉིས་ལྡན་ཕྱུག་པའི་ནོ་མོ་ཧན།།

རྒྱལ་བ་གོང་མའི་ཐུགས་བཀོད་རྒྱལ་ཁྲི་བསྐྱངས། །

འབངས་རྣམས་བརྩེ་བས་བསྐྱངས་པའི་ལག་རྗེས་ལ།།

རེ་བའི་མིག་གིས་ནམ་ཡང་ཁྱེད་ལ་ལྟ།།

 

ཤིན་ཏུ་བདེན་པའི་གསུང་གིས་ཤེས་པའི་མཛོད།།

ལག་རྩལ་ངོ་མཚར་མཁས་པའི་ཤུལ་བཞག་ཏེ།།

འཇིག་རྟེན་འདི་ལས་ཡིད་དབང་འཕྲོག་ནུས་མཁན། །

ཅོ་ནེ་བཀའ་འགྱུར་པར་ཁང་ཆེན་མོ་ཡིན།།

 

ཅོ་ནེའི་ཡུལ་ནི་ངོ་མཚར་ཤེས་པའི་མཛོད། །

མེས་པོ་རྣམ་པའི་ཐུགས་ཀྱི་ནོར་བུ་ཡིན། །

རྩ་ཆུ་ནགས་ཚལ་འཛོམས་པའི་ས་གཞིའི་གཏེར། །

མདོ་སྨད་ཅོ་ནེ་ངེས་ཤེས་བརྟན་པོར་ཤོག །

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716