སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཐེ་ལན་གྱི་བཙུན་པ་ཉེས་ཁྲིམས་དང་འགལ་ན་ཅི་བྱེད་དམ།
སྤེལ་དུས། 2015-08-06   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཀླུ་འབུམ།

དད་ལྡན་པ་ཚོས་བཙུན་པ་ཚོར་བསྙེན་བསྐུར་འབུལ་བཞིན་པ།

ཐེ་ལན་གྱི་གྱི་བཙུན་པ་ཉེས་ཁྲིམས་དང་འགལ་ན་སྐྱ་སར་བུད་རྗེས་ཁྲིམས་ཆད་གཅོད་པ་རེད།

༢༠༡༥ ལོའི་ཟླ ༨ ཚེས ༢ ཉིན།"ཀྲུང་གོ་སུང་ཧྲན་ཧྲའོ་ལིན་དགོན་པའི་གྲྭ་བཙུན་གྱིས་ཧྭ་ཞའི་སྙན་གྲགས་ཆེ་བའི་ཧྲའོ་ལིན་དྲག་རྩལ་འཁྲབ་སྟོན།"བྱ་འགུལ་ནི་ཐེ་ལན་བྷང་ཁོག་ནས་སྤེལ། ཉེ་བའི་ཆར་མི་ཁའི་རླབས་ཕྲེང་དུ་འཕྱུར་བའི་ཧྲའོ་ལིན་དགོན་པའི་དགོན་བདག་ཧྲི་ཡོན་ཞིན་ཕེབས་མི་འདུག

སངས་རྒྱས་ཆོས་ལུགས་ཐེ་ལན་དུ་དར་ནས་ལོ་ངོ་མང་པོ་འགོར་ཡོད་པ་དང་ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་། ཐེ་ལན་རྒྱལ་ཡོངས་སུ་སངས་རྒྱས་ཆོས་ལ་དད་པ་བྱེད་མཁན་ནི་རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆའི ༩༥ ཟིན་ཡོད། "ན་བཟའ་སེར་པོའི་རྒྱལ་ཁམས"སུ་འབོད་པའི་ཐེ་ལན་དུ། ཕོ་རྣམས་ཀྱི་ཁྲོད་དུ་མཐོན་པོ་རྒྱལ་པོ་དང་དམའ་བ་འབངས་མི་གང་ཞིག་ཡིན་རུང་ཚེ་འདིར་ངེས་བར་དུ་ཆོས་སྒོར་ཐེངས་གཅིག་ཞུགས་དགོས། ཐེ་ལན་གྱི་གྲྭ་བཙུན་ཚོའི་ཐོབ་ཐང་དང་སྙན་གྲགས་ཆེན་པོ་ཡོད། སངས་རྒྱས་ཆོས་ལུགས་ཀྱི་ཆོས་དད་པ་ཕལ་བས་བཙུན་པར་གུས་འདུད་དང་ཕྱག་འཚལ་བ་སོགས་བྱེད་དགོས་ཤིང་། བཙུན་པ་རྣམས་ཀྱིས་ཕྱིར་དེ་འདྲ་བྱེད་དགོས། ཕ་རོལ་པོ་རྒྱལ་པོ་ཡིན་ནའང་དེ་བཞིན་རེད། སྤྱི་སྤྱོད་རླངས་འཁོར་སོགས་འགྲིམ་འགྲུལ་ཡོ་བྱད་དང་མི་མང་འདུ་ས་གང་ཞིག་ཡིན་རུང་བཙུན་པ་རྣམས་ལ་འདུག་ས་སྤྲོད་དགོས་པོའི་བརྡ་རྟགས་ཡོད།

དེ་ལྟར་ན། ཐེ་ལན་བཙུན་པ་རྣམས་ཀྱི་མཚན་སྙན་དང་ཐོབ་ཐང་ནི་ཇི་ལྟར་ཡོང་བ་ཡིན་ནམ།

ཐེ་ལན་གྱི་སངས་རྒྱས་ཆོས་ལུགས་ལ་ཚགས་དམ་པའི་རྩ་འཛུགས་ཡོད་པ་དང་། བཙུན་པ་རྣམས་ལ་བདག་དམ་ནན་མོ་བྱེད་བཞིན་ཡོད། བཙུན་པའི་ཁྲོད་ན་གོ་གནས་ཆེས་མཐོ་བ་ནི་བཙུན་རྒྱལ་ཡིན་པ་དང་། དེ་ནི་རྒྱལ་པོས་བསྐོ་བཞག་མཛད་པ་དང་ཚེ་གཅིག་རིང་འགན་འཁུར་དགོས། བཙུན་རྒྱལ་གྱི་འོག་ཏུ་སྐྱེས་ཆེན་ཨུ་ཡོན་ལྷན་ཚོགས་སམ"སྐྱེས་ཆེན་ཚོགས་པ"བཙུགས་ཡོད། དེ་ནི་བཙུན་རྒྱལ་གྱིས་ཀྲུའུ་ཞི་བྱས་པའི་ཨུ་ཡོན ༡༣ ལས་གྲུབ། བཙུན་རྒྱལ་གཞོན་པ ༤ ཡོད་པ་ནི་ཨུ་ཡོན་གྱི་གྲས་ཡིན། དེ་མིན་གྱི་ཨུ་ཡོན ༨ ནི་འདེམས་ཐོན་བརྒྱུད་བྱུང་བ་དང་བཞུགས་ཡུན་ལོ ༢ ཡིན། སྐྱེས་ཆེན་ཨུ་ཡོན་ལྷན་ཚོགས་འདི་ནསས་དགེ་འདུན་པའི་འདུལ་ཁྲིམས་དང་། སྒྲིག་སྲོལ། སྲིད་འཛིན། སློབ་གསོ། ཁྱབ་བསྒྲགས། ཕན་བདེ་སོགས་ཐག་གཅོད་བྱེད་བཞིན་ཡོད། ཐེ་ལན་སློབ་གསོའི་སྡེ་ཁག་གི་ཆོས་ལུགས་ཐིང་ནི་རྒྱལ་ཁབ་དང་ཆོས་ལུགས་སྡེའི་བར་འབྲེལ་བ་དང་རོགས་ལས་བྱེད་པའི་ཀྲུང་དབྱང་ལས་ཁུངས་ཡིན། ཆོས་ལུགས་ཐིང་གི་ཐིང་དཔོན་གྱིས་སྐྱེས་ཆེན་ཚོགས་པའི་དྲུང་ཡིག་ཆེན་པོའི་འགན་གཅིག་ལྕོགས་སུ་བཞེས་ཡོད།

སྐྱེས་ཆེན་ཨུ་ཡོན་ལྷན་ཚོགས་ནི་མཐོ་རིམ་བཙུན་པ་བདག་དམ་བྱེད་མཁན་ཡིན། ཐེ་ལན་སྲིད་འཛིན་ས་ཁུལ་གྱི་དབྱེ་བའི་ཁྲོད་ཀྱི། ཞིང་ཆེན་ལྟེ་གནས་དང་། ས་ཁུལ། རྫོང་། གྲོང་ཚོ། ས་གནས་འདི་དག་གི་དགོན་པའི་བདག་དམ་བྱེད་སྲོལ་ཡང་རིམ་པར་དབྱེ་ཡོད། རིམ་པ་སོ་སོར་ཁ་གཏད་པའི་བཙུན་པའི་བདག་དམ་ཨུ་ཡོན་ལྷན་ཚོགས་དང་ཆོས་སྡེ་བདག་དམ་ཨུ་ཡོན་ལྷན་ཚོགས་ཡོད། བཙུན་པའི་བདག་དམ་ཨུ་ཡོན་ལྷན་ཚོགས་ནི་སངས་རྒྱས་ཆོས་ལུགས་ཀྱི་སྡེའི་བདག་དམ་ལས་ཁུངས་ཡིན་པ་དང་། བདག་དམ་ཁུལ་གང་དེའི་དགོན་བདག་དང་། གྲྭ་བཙུན་ལ་འདུལ་ཁྲིམས་བདག་དམ་བྱེད་པའི་འགན་འཁུར་ཡོད། ཆོས་སྡེ་བདག་དམ་ཨུ་ཡོན་ལྷན་ཚོགས་ནི་བཙུན་པ་དང་ས་གནས་དཔོན་པོས་མཉམ་དུ་གྲུབ་པ་ཞིག་ཡིན་པ་དང་། གཙོ་བོ་ཆོས་སྡེའི་རྒྱུ་ནོར་སོགས་ལས་དོན་གྱི་འགན་འཁུར་ཡོད།

གལ་སྲིད་བཙུན་པ་གང་གིས་འདུལ་ཁྲིམས་ལ་འགལ་བ་ཡིན་ན། བཙུན་པའི་བདག་དམ་ཨུ་ལྷན་གྱིས་ཁྲུན་ཐག་གཅོད་པ་དང་། གནས་ཚུལ་ཅུང་ལྕི་མོ་ཡིན་ན་ཆོས་སྒོ་ནས་ཕུད་དེ་སྐྱ་སར་བུད་དགོས། གལ་སྲིད་བཙུན་པ་གང་ཁྲིམས་ལུགས་དང་འགལ་བ་ཡིན་ན། ལྷག་པར་དུ་ཉེས་ཁྲིམས་དང་འགལ་བ་ཡིན་ཚེ། བཙུན་པ་དེ་སྐྱ་སར་བུད་པའི་རྗེས་ལ་ད་རུང་རྒྱལ་ཁབ་ཉེན་རྟོག་དང་ཁྲིམས་འཛིན་སྡེ་ཁག་གི་བརྟག་དཔྱད་དང་ཁྲིམས་ཆད་འཁུར་དགོས། གལ་སྲིད་ཐེ་ལན་གྱི་བཙུན་པ་གང་མི་གཞན་གྱིས་ཐེར་འདོན་གོང་ཞུ་བྱས་པ་ཡིན་ན། བཙུན་པའི་བདག་དམ་ཨུ་ལྷན་དང་སྐྱེས་ཆེན་ཨུ་ལྷན་ནས་ཁྲིམས་འཛིན་གྱིས་བརྟག་དཔྱད་མ་བྱས་པའི་སྔོན་ལ། གནས་ཚུལ་གསལ་བོ་རྒྱུས་ལོན་བྱས་ཏེ་ཐག་གཅོད་བྱེད་སྲིད།

ཡིན་ན་ཡང་། ཕྱི་རོལ་གྱི་སྡོམ་ཁྲིམས་དང་བསྡུར་ན། ཐེ་ལན་གྱི་བཙུན་པའི་བདག་དམ་སྒྲིག་སྲོལ་ཁྲོད་དུ་ཆེས་གཙོ་བ་ནི། བཙུན་པ་རང་ཉིད་ཀྱི་ནང་སེམས་ཀྱི་སྦྱང་པ་དང་ཚོད་འཛིན་ཡིན། ཐེག་དམན་གྱིས་རང་སྟེང་གི་སྦྱང་བ་ལ་མཐོང་ཆེན་བྱེད་པ་དང་། རང་སྒེར་གྱི་གྲོལ་བ་དང་སྦྱང་བ་ལ་འབད་པ་བྱེད། དེར་བརྟེན་ཐེ་ལན་ཐེག་དམན་གྱི་བཙུན་པ་རྣམས་ཀྱིས་བསྟན་བཅོས་སྦྱོང་བ་ནས་བཟུང་། རང་ཉིད་ཀྱི་ནང་སེམས་ཀྱི་རང་གཅུན་དང་རང་སྡོམ་ལ་མཐོང་ཆེན་པོ་བྱེད།

ཐེ་ལན་དུ་དགོན་པ་དང་ལྷ་ཁང་ཁྲི ༣ ལྷག་དང་བཙུན་པ་འབུམ ༣ ལྷག་ཡོད་པས། གནས་ཡོད་ཚད་དག་ཞིང་དང་མི་ཡོད་ཚད་སྐྱེས་བུ་དམ་པ་ཡིན་པའི་ངེས་པ་མེད། ད་ལོ་ཐེ་ལན་གྱི་ཆོས་ལུས་དགོན་པར་ཡང་དགོན་བདག་གིས་དངུལ་འབོར་ཆེན་བཟུང་བའི་གནས་ཚུལ་ངན་པ་བྱུང་ཡོད་པ་དང་། དགོན་པ་ལ་ལ་ནི་སྲིད་ཚོང་བའི་ཉེན་བྱོལ་ཁང་དུ་གྱུར་ཡོད།

(རྩོམ་འགན་པ། སྒྲོལ་ཚེ།)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070