སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
༄༅།།ཀྲུང་གོའི་ཕྱི་རྒྱལ་གྱི་བོད་རིགས་མཐུན་ཚོགས་དེ་ཨ་མེ་རི་ཁར་དབུ་བརྙེས་པ།
སྤེལ་དུས། 2010-02-24   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་པ་པོ།  བདེ་ལྷ་མོས་བསྒྱུར།

ཞིན་ཧྭ་གསར་འགྱུར་ཁང་གིས་ཨ་རིའི་གྲོང་ཁྱེར་ལོ་སན་ཅི་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིར་ཡོད་པའི་བོད་ཀྱི་གླུ་མ་དབྱངས་ཅན་ལྷ་མོས་གྲོས་འགོ་བཏོན་པའི་ཀྲུང་གོའི་ཕྱི་རྒྱལ་གྱི་བོད་རིགས་མཐུན་ཚོགས་དེ་ཚེས་༢༡ཉིན་ཨ་རིའི་ཀ་ལི་ཧྥོ་ནེ་ཡ་ཁུལ་གྱི་ཤེ་ལ་མར་ཏེ་རུ་དབུ་བརྙེས་ཡོད་པ་རེད། མཐུན་ཚོགས་འདིས་ཕྱི་རྒྱལ་གྱི་བོད་རིགས་དང་ཤེས་ལྡན་མི་སྣ་དང་། ཀྲུང་གོའི་ནང་ལོགས་ས་ཁུལ་གྱི་བོད་རིགས་སྤུན་ཟླ་བཅས་ལ་རིག་གནས་དང་སྒྱུ་རྩལ། བསམ་བློ་བཅས་བརྗེ་རེས་བྱེད་སའི་སྟེགས་བུ་ཞིག་མཁོ་འདོན་བྱེད་རྒྱུ་དང་། རྒྱལ་ཁབ་ཕྱི་ནང་ལ་བོད་ཀྱི་རིག་གནས་ངོ་སྤྲོད་གནང་རྒྱུ་རེད།

པར་རིས་རྒྱུ་ཆ། དབྱངས་ཅན་མ་སྤུན་གསུམ།

མཐུན་ཚོགས་ཀྱིས་ད་ནས་བཟུང་བྱ་འགུལ་འགའ་ཤས་སྤེལ་མགོ་བརྩམས་ཡོད་དེ། དཔེར་ན། བོད་རིགས་སྤུན་ཟླས་དབྱིན་ཡིག་སྦྱོང་བའི་མཉེན་ཆས་ཁྱབ་གདལ་དང་། བོད་ཁུལ་གྱི་ཨ་མ་ཚོས་བཟོས་པའི་ལག་ཤེས་བཟོ་ལས་ཐོན་རྫས་འགྲེམ་ཚོང་བཅས་བྱེད་མགོ་བརྩམས་ཡོད་ལ། མཐུན་ཚོགས་ཀྱིས་ད་དུང་བོད་ཀྱི་རོལ་དབྱངས་ལ་བརྟེན་ནས་གྲོང་ཁྱེར་དུ་འཚོ་བའི་མི་རྣམས་ཀྱི་གནོན་ཤུགས་སེལ་ཐབས་འཚོལ་ཞིབ་དང་། ནས་ཀྱིས་བཟོས་པའི་ཐོན་རྫས་གསར་གཏོད། རྩ་མེད་དུ་འགྲོ་ཉེན་ཆེ་བའི་བོད་ཀྱི་དམངས་གླུ་སྲུང་སྐྱོབ་སོགས་བྱེད་པའི་འཆར་གཞི་བཟོས་ཡོད་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060