སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གདུགས་དཀར་ཚེ་རིང་གི་ཕྱི་སྐད་གླུ་དབྱངས་གསར་བ་《A song for you》ཞེས་པ་དངོས་སུ་ཁྱབ་བསྒྲགས་བྱས་པ།
སྤེལ་དུས། 2009-09-17   ཡོང་ཁུངས། མཚོ་སྔོན་པོའི་དྲ་བ།    རྩོམ་པ་པོ།  ལྗོན་སྨྱུག་ནས་བསྒྱུར། ཟླ་གཞོན་ནས་ཞུས།


  གླུ་དབྱངས་A song for youཞེས་པའི་དྲིལ་སྒྲོག་འདྲ་པར།

    གདུགས་དཀར་ཚེ་རིང་གི་གླུ་དབྱངས་གསར་བ་A song for youཞེས་པ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། གླུ་དབྱངས་དེ་ནི་གདུགས་དཀར་ཚེ་རིང་གིས་ཉེ་ལམ་སྒྲིག་བཟོ་དང་ཕབ་ལེན་བྱས་པའི་སྒེར་གྱི་ཆེད་སྒྲིག་གླུ་དབྱངས་ནང་གི་ཆེས་སྙན་པའི་གླུ་དབྱངས་ཤིག་ཡིན། pop rockཡི་ཁྱད་ཆོས་ལྡན་པའི་གླུ་དབྱངས་A song for youནི་ཐོག་མར་དྲི་མེད་ཀུན་ལྡན་འཚོལ་བཞེས་པའི་གློག་བརྙན་གྱི་ནང་དུ་བཏང་ཡོད་ཅིང་། གློག་བརྙན་གྱི་ནང་དུ་ཆང་ཁང་གི་རྒྱལ་ཕྱིའི་གླུ་དབྱངས་ལེན་མཁན་ཞིག་གི་གླུ་དབྱངས་ཀྱི་ཚུལ་མཛད་ཡོད་པ་དང་། སྐབས་དེར་གློག་བརྙན་གྱི་བྱུང་རིམ་དང་བརྗོད་བྱའི་དགོས་མཁོ་ལ་གཞིགས་ནས་གླུ་དབྱངས་གཉིས་གསར་དུ་བརྩམས་པ་ལས། ད་ཐེངས་ཀྱི་ A song for youཞེས་པ་ནི་དེའི་ནང་གི་གཅིག་ཡིན་ནོ། །
    ཉེ་ལམ་གདུགས་དཀར་ཚེ་རིང་གིས་སྔོན་ཆད་བརྩམས་མ་ཚར་པའི་གླུ་ཚིག་ལ་ཡང་བསྐྱར་བཟོ་བཅོས་བརྒྱབ་ཏེ་ཚོང་རར་འགྲེམ་རྩིས་ཡོད་པས། གློག་བརྙན་ལ་དགའ་བ་དང་གླུ་དབྱངས་ལ་དགའ་བའི་རྒྱ་ཆེའི་གྲོགས་པོ་རྣམས་ཀྱི་མིག་གི་དགའ་སྟོན་དང་སྙན་དབང་གསོ་བའི་བདུད་རྩི་རུ་འགྱུར་བའི་སྨོན་འདུན་ཞུས་པ་དང་ཆབས་ཅིག ཆེད་བསྒྲིགས་ཐོག་མ་འདི་ནི་ཁོང་རང་གློག་རྡུལ་རོལ་དབྱངས་ཞིབ་འཇུག་གླེང་སྟེགས་སུ་ཞུགས་པའི་ལས་སྒྲུབ་ཁང་ནས་ཐོག་མར་ལེགས་འགྲུབ་བྱུང་ཞིང་། སྤྱི་ཚོགས་ལས་རིགས་གང་གིས་ཀྱང་རམ་འདེགས་མེད་པའི་གནས་ཚུལ་འོག་རང་ཉིད་ཀྱི་ཡིད་ཚིམ་བྱེད་དམ་ཡང་ན་དགའ་ཕྱོགས་མཚོན་བྱེད་ཙམ་དུ་བསྒྲིགས་པ་ཡིན་ཞེས་བརྗོད་བྱུང་ངོ། །

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060