སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཆེས་མཛེས་པའི་གཞི་རིམ་གྱི་ལས་བྱེད་པ་འགྱུར་མེད་རྡོ་རྗེ་ལགས།
སྤེལ་དུས། 2013-03-27   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  ནོར་བུ།

 འགྱུར་མེད་རྡོ་རྗེ་ལགས་ནི་སྤྱི་ལོ་༡༩༧༩ལོའི་ཟླ་བ་༥པར་འཁྲུངས་ཞིང་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཏའོ་ཧྥུ་རྫོང་རྨེ་རུ་ཤང་གི་མི་ཡིན་པ་རེད།  སྤྱི་ལོ་༢༠༠༡ལོའི་སྤྱི་ཟླ་༤པར་ལས་ཀར་ཞུགས་པ་དང་། སྤྱི་ལོ་༢༠༠༣ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ནས་སྔ་རྗེས་སུ་ཏའོ་ཧྥུ་རྫོང་བཀྲ་རྡོ་ཤང་། ལུང་ཏ་ཤང་། ཝ་རེ་ཤང་སོགས་སུ་ལས་ཀ་གནང་ནས་ཤང་ཀྲང་གཞོན་པ་དང་། ཧྲུའུ་ཅི་གཞོན་པ། ཤང་ཀྲང་སོགས་ལས་འགན་བཞེས་ཡོད་པ་རེད།  སྤྱི་ལོ་༢༠༡༢ལོའི་ཟླ་བ་༥པའི་ཚེས་༡༩ཉིན་ནད་གཞི་ཕོག་ཀྱང་དུས་ཡུན་རིང་པོ་ལས་ཀ་རྒྱུན་འཁྱོངས་བྱས་པས་ངལ་དུབ་ཆེ་དྲག་པའི་རྐྱེན་གྱིས་གློ་བུར་ཀླད་ཁྲག་ཤོར་བས་གཞུང་དོན་གྱི་དོན་དུ་སྐུ་ཚེ་ལས་འདས་པ་རེད།  སྐབས་དེ་དུས་ལོ་ན་༣༣ཡིན་པ་རེད།  འགྱུར་མེད་རྡོ་རྗེ་ལགས་ནི་དུས་ཡུན་རིང་པོ་གངས་ལྗོངས་ས་མཐོའི་ཆེས་དཀའ་ངལ་ཆེ་བའི་ས་ཁུལ་དུ་ལས་ཀ་གནང་བས་ཁོང་ནི་ལྷག་བསམ་རྣམ་དག་གི་གུང་ཁྲན་ཏང་མི་ཞིག་ཡིན་པ་གསལ་བཤད་ཐུབ་ཡོད་པ་དང་དུས་སྐབས་གསར་པའི་གྲངས་ཉུང་མི་རིགས་ཀྱི་གཞི་རིམ་གྱི་ཕུལ་བྱུང་གི་ལས་བྱེད་པའི་འཐུས་མི་ལྟ་བུར་གྱུར་ཡོད་པ་རེད། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060