སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དངོས་བྲིས། པེ་ཅིང་གི་བོད་པ།
སྤེལ་དུས། 2014-07-14   ཡོང་ཁུངས། ལྷོ་ཕྱོཌ་གཟའ་མཇུག་ཚཊ་པར།   རྩོམ་པ་པོ།  ཟླ་བས་བསྒྱུར།

ཀརྨ་རྡོ་རྗེ་ཚེ་རིང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྱི་མི་ཡིན། ༡༩༦༣ལོར་སྐྱེས། མཛེས་རྩལ་རྩོམ་སྒྲིག་པ་དང་ལས་ཞོར་སྣུམ་ཚོན་རི་མོ་བ་ཡིན།  ཀརྨ་རྡོ་རྗེ་ཚེ་རིང་རྟག་པར་ཁྱིམ་དུ་རི་མོ་འབྲི་ཞིང་དེའང་ཧ་ལམ་མཚན་མོའི་དུས་སུ་ཡིན་པའམ་ཡང་ན་དུས་ཀྱི་ཁོམ་གསེང་གི་སྐབས་སུ་ཡིན།  ཡིན་ཡང་ཁོས་རང་ཉིད་དེའི་ཀློང་དུ་འགྲོ་བར་ཤིན་ཏུ་སླ་མོ་ཡོད་ཟེར།  ཁོའི་ཁྱིམ་དུ་འཛུལ་མ་ཐག་གཡོན་ལག་བརྐྱངས་ཙམ་གྱིས་དཔེ་སྟེགས་ཤིག་ལ་རེག་ཐུབ་ཅིང་དཔེ་སྟེགས་དེ་ཡི་ཕྱེད་ཙམ་བོད་ཡིག་གིས་ཁེངས་ཡོད་ལ།  རྩོམ་སྒྲིག་པའི་གྲལ་དུ་ཀརྨ་རྡོ་རྗེ་ཚེ་རིང་ཞེས་པའི་མིང་བྲིས་པའི་དེབ་ཀྱང་མི་ཉུང་བ་ཞིག་སྣང་།  ཉིན་མོར་ཁོས་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་དུ་ལས་ཀ་གཉེར་གྱིན་ཡོད།

པདྨ་རྒྱ་མཚོ་ཡིསཕྲ་མོཞེས་པའི་ཐ་སྙད་འདིས་མི་ལོ་ཉི་ཤུ་ལྷག་ལ་འཚོ་བ་རོལ་སའི་ཡུལ་པེ་ཅིང་ལ་བཅངས་བརྩེ་བ་བརྗོད་བྱུང་། མཚམས་ཤིག་ལ་ངས་རང་ཉིད་ཀྱི་དྲག་རྩལ་སྒྲུང་གཏམ་ནང་གི་ལམ་འགྲོ་བ་ལྟ་བུ་རེད་སྙམ་བྱུང་།  པེ་ཅིང་ནི་གནས་ཚང་ཞིག་སྟེ། ཁྱོད་ཡུལ་གང་དུ་འགྲོ་ནའང་ཡུལ་དེ་ཅིས་ཀྱང་བརྒྱུད་དགོས་ངེས་ལ། ད་གར་བསྡད་ནས་ཇ་དཀར་ཡོལ་གང་འཐུང་དགོས་པ་ལྟ་བུ་རེད།

མུན་པ་འོད་ཐིག་ཅིག་གིས་གསལ་བར་བྱས་ཤིང་ས་གདན་སྔོ་ནག་དེའི་སྟེང་དུ་ཅི་ཡང་མི་འདུག  རོལ་དབྱངས་དང་གཡེར་དྲིལ་གྱི་སྒྲ་སྡེབ་སྟེ་གྲགས་ཤིང་གར་མཁན་དག་གིས་བྱེ་ཚོན་གྱིས་རི་མོ་འབྲི་བཞིན་ཁ་དོག་རྣམ་པར་བཀྲ།  མཐར་བརླག་ནས་ཕྱོགས་ཕྱོགས་སུ་འཐོར་སོང་།

གོང་གི་ཚན་པ་འདི་ནིབྱེ་ཚོན་གྱིས་བཞེངས་པའི་དཀྱིལ་འཁོརཏེ་བོད་བརྒྱུད་ནང་བསྟན་གྱི་སྤྱོད་པའི་སྒྱུ་རྩལ་ཞིག་ཡིན་པ་དང་། འདི་ལས་སྐྱེ་འཆི་འཁོར་བའི་འདུ་ཤེས་ཤིག་བརྗོད་ཀྱི་ཡོད་པ་རེད། མིའི་ཚེ་གང་པོར་འདོད་པ་སྣ་ཚོགས་ཡོད་ཅིང་། ཁྱོད་ཀྱི་ཉམས་མྱོང་དང་དྲན་པ་མི་ཚེ་ཡི་གར་འོང་བ་ཞིག་ཡོད་སྲིད་ཀྱང་། འཆི་བའི་དུས་སུ་ཅི་ཡང་འཁྱེར་མི་བཏུབ་སྟེ། དོན་གྱིས་ཁྱོད་ལ་འཛིན་པ་དེ་འཇོག་ཏུ་འཇུག་གི་ཡོད་པ་རེད

པདྨ་ཚེ་བརྟན། མཚོ་སྔོན་མཚོ་ལྷོའི་མི་སྟེ༡༩༦༩ལོར་སྐྱེས། འཁྲབ་ཁྲིད་པ་ཡིན།  པདྨས་ང་ཚོ་ཁོའི་འཁྲབ་ར་རུ་ཁྲིད་ནས་འགྲོ་མ་ཐུབ་སྟེ་ཁོས་རྣམ་ཀུན་བོད་ཁུལ་དུ་གློག་བརྙན་བཟོ་བར་བྲེལ་བ་ཆེན་པོ་ཡོད་པས་རེད། ཁོ་འཁྲབ་སྟོན་པ་གཞན་དག་དང་ཧ་ལམ་འདྲ་མོད་ཡང་ཁྱད་པར་ཅུང་ཟད་ཀྱང་མཆིས་ཏེ། ཁོའི་འགྲེང་འཆག་ལ་ངེས་པ་མེད་དེ་ལས་ཀའི་དུས་ཚོད་འཚོ་བའི་དུས་ཚོད་ལས་ཆེས་ཆེར་རིང་བ་དང་བྲེལ་བ་ཆེ་དུས་ཉིན་གཅིག་ལ་དུས་ཚོད༢༠ཡན་ཆོད་དུའང་ད་དུང་ལས་ཀ་བྱེད་ཀྱིན་ཡོད་པ་རེད།  ཁོའི་ལས་སྒྲུབ་ཁང་ནས་ཁྱིམ་དུ་གོམ་པ་བརྒྱབ་ན་སྐར་མ་གཉིས་ཀྱིས་སླེབས་ཀྱི་ཡོད་དེ་དེ་གཉིས་ཀ་སྡོད་ཁུལ་གཅིག་ཏུ་ཡོད་པས་སོ། །

བསྟན་པ། བོད་ལྗོངས་ལྷ་སའི་མི་ཡིན་ཞིང༡༩༨༩ལོར་སྐྱེས། མ་བྱན་ཡིན།  ད་ལོ་ནི་བསྟན་པ་པེ་ཅིང་གི་མ་སྐྱེས་ཨ་མའི་ཟ་ཁང་དུ་སླེབས་པའི་ལོ་བཞི་བ་ཡིན། ཟས་གཡོ་མཁན་གཙོ་བོ་སྟེ་མ་བྱན་ཞིག་ཡིན་པའི་ཆ་ནས་ཁོ་རང་ལ་བྱང་ཆ་ཤིན་ཏུ་ཆེན་པོ་ཡོད།  ཁོས་རྩམ་པ་ཟངས་དཀར་ཕྱེད་ཙམ་བླུགས་ནས་དེའི་ཁར་ཕྱུར་བ་དང་ཀ་ར་དམར་པོ་བཏབ་པ་དང་།  ལག་ཡས་ཀྱིས་ཇ་དེམ་གཡོན་ཙམ་བྱས་ཏེ་འབྲི་མར་སེར་པོ་ནུར་རེར་བླུགས་རྗེས་ལག་པ་ཕྱོགས་གཅིག་ཏུ་བསྐོར་ནས་རྩམ་པ་བརྫིས་བྱུང་།   ཁོས་མཛུབ་མོ་དཀར་ཡོལ་ཁ་རུ་འབྲད་ཙམ་བྱས་ཤིང་དེ་ནས་བྲོ་བ་མྱངས་ཙམ་བྱེད་པ་དང་བགད་ནས་མིག་ཀྱང་འཛུམ་ཙམ་བྱེད།

༢༠༡༥ལོའི་ཟླ༤པའི་ཚེས༢༠ཉིན་གྱི་ཕྱི་དྲོར་པདྨ་རྒྱ་མཚོས་སྒྲིག་ཁྲིད་བྱས་པའི་གར་སྟེགས་ཟློས་གརཤམ་བྷ་ལ༡༩༨ པད་མ་མེ་ཏོག་སྒྱུ་རྩལ་ལྟེ་བ་ནས་དྲིན་ཞུའི་འཁྲབ་སྟོན་གནང་བ་རེད།

ལོ་བཅུ་གཉིས་བཅུ་གསུམ་ཙམ་ནས་པེ་ཅིང་དུ་སླེབས་ཤིང་།  པདྨ་རྒྱ་མཚོས་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཟུར་གཏོགས་སློབ་འབྲིང་དང་སློབ་ཆེན། ཞིབ་འཇུག་སློབ་མ་སོགས་བཏོན་ཞིང་། ལོ་བཅུ་ལྷག་ལ་ཞབས་བྲོ་སྦྱངས་བཞིན་ཡོང་བ་རེད།  སྔ་དུས་ཀྱི་ཚོད་ལྟའི་གར་སྟེགས་ཟློས་གརསྤྱང་ཟུགཏུ་འབྲོག་པ་ཞིག་གྲོང་ཁྱེར་དུ་གླ་བྱེད་པར་འོངས་པར་ཁོག་ནས་སྤྱང་གཤིས་མངོན་པའི་གཏམ་རྒྱུད་ཅིག་བརྗོད་ཡོད་དེ།  ཁོའི་རང་བཞིན་དང་ཁོའི་གྲོང་ཁྱེར་གྱི་འཚོ་བ་གཉིས་འགལ་བ་ཁ་སྤྲོད་དུ་ཡོད་ཅིང་དེ་ནས་རང་ཉིད་ལས་ལྡོག་པའི་བརྡར་ཤ་ཐེངས་ཤིག་བཅད་པ་དང་། དེ་སྐབས་དེའི་ང་དང་འདྲཔདྨ་རྒྱ་མཚོས་འདི་སྐད་འགྲེལ་བཤད་བྱས།

པདྨ་རྒྱ་མཚོའི་ཞབས་བྲོའི་གསར་རྩོམ་མང་ཆེ་བ་བོད་ཀྱི་རིག་གནས་ཀྱི་བརྟེན་ཡོད་ཅིང་དེང་རབས་ཞབས་བྲོའི་ཆ་དང་མཉམ་དུ་བསྲེས་ཡོད་ལ།  དེ་ལས་རང་གི་སེམས་གཏིང་དུ་སྦས་པའི་མི་རིགས་ཀྱི་འདུ་ཤེས་འཚོལ་གྱིན་ཡོད་པ་རེད།   

ལས་ཞོར་རི་མོ་བ་ཀརྨ་རྡོ་རྗེ་ཚེ་རིང་གིས་སྨྲས་ན་པདྨ་རྒྱ་མཚོ་ནི་རང་གི་བོད་རིགས་གྲོགས་པོ་ཚོའི་ནང་གི་ཕྱི་ཐོགས་པ་ཕུལ་ཏུ་ཕྱིན་པ་ཞིག་རེད་ཟེར།

ཀརྨ་རྡོ་རྗེ་ཚེ་རིང་བོད་ཤོག་ཏུ་རི་མོ་འབྲི་རྒྱུར་མཉེས་པོ་ཡོད། ཁོས་བོད་ཤོག་འཕུར་འཕུར་བྱེད་ཞོར་བོད་ཤོག་རྩུབ་མོ་ཡིན་ནའང་མཐོ་སྒང་གི་སྐྱེ་དངོས་ལས་བྱུང་བས་བབ་ཆགས་ཤིང་རང་བྱུང་ཡིན་པའི་ཚོར་བ་ཞིག་སྟེར་གྱི་འདུག་ཟེར།

ལོ་ན་གཞོན་དུས་ཀརྨ་རྡོ་རྗེ་ཚེ་རིང་གི་རྐང་འཁོར་ལ་སྤྱོད་སྒོ་གཉིས་ཡོད་དེ། གཅིག་ནི་ཡོན་མིན་ཡོན་གྱི་རི་མོའི་གྲོང་ཚོ་རུ་ཞོན་ནས་སོང་སྟེ་དེ་གར་ཡོད་པའི་རང་དབང་གི་རི་མོ་བ་དང་རི་མོ་གླེང་རྒྱུ་དང་། ཅིག་ཤོས་ནི་ཅོང་ཆེན་དགོན་པར་སྔོ་ཚོད་ཉོ་རུ་འགྲོ་རྒྱུ་དེ་རེད་དེ། སྲོལ་རྒྱུན་གྱི་ཚོང་ར་རུ་སྔོ་ཚལ་ཉོས་ན་གོང་བདེ་མོ་ཡོད་པས་རེད།

གྲོགས་པོ་ཚོས་བལྟས་ན་པེ་ཅིང་དུ་ལོ་ཉི་ཤུ་ལྷག་ལ་འཚོ་བ་རོལ་ནའང་རྡོ་རྗེ་ཚེ་རིང་གི་འཚོ་བ་སྔར་ལྟར་ཆིག་རྐྱང་བ་ཡིན་ཏེ།  ཕྱི་རུ་འགྲོ་རྒྱུ་ཉུང་ལ། གཞུང་ལས་ཁང་དང་རི་མོའི་འགྲེམས་སྟོན། ཁྱིམ་སྟེ་ཚེག་འདི་གསུམ་གྱིས་གྲུབ་ཡོད།

ལོ་ཅི་ཙམ་མང་པོར་བསྡད་པ་དེ་ཙམ་གྱིས་མང་པོ་ཤེས་ཐུབ་ཅིང་ཁས་ལེན་ཐུབ་པ་ཞིག་མ་རེད རྡོ་རྗེ་ཚེ་རིང་གིས་འཛེམ་བག་མེད་པར་སྨྲ་རྒྱུར།འཚོ་བའི་ནང་གི་འགྲོ་འདུག་འཆག་གསུམ་དང་རིག་གནས་ཀྱི་སེམས་ཁམས་ཚང་མ་འདྲ་པོ་མ་རེདཟེར།

 ཁང་པའི་ནང་དུ་བོད་སྤོས་ཀྱི་བསུང་ངད་ལྡང་ཞིང་ཁྱིམ་དུ་ཡོད་པའི་ཅ་དངོས་ཆ་ཚང་རྡོ་རྗེ་ཚེ་རིང་བཟའ་ཟླ་གཉིས་ཀྱིས་གཅིག་རེ་གཅིག་རེ་བྱས་ཏེ་ཕ་ཡུལ་ཡུལ་ཤུལ་ནས་པེ་ཅིང་དུ་ཁྱེར་ཡོང་བ་རེད། ཆེ་བ་དཔེ་སྟེགས་སུ་ཡོད་པའི་གཡག་མགོ་ནས་ཆུང་བ་ཕྲེང་བའི་རྒྱན་ཆ་མ་ལུས་པ་དེ་ལྟར་ཁྱེར་ཡོང་བ་རེད།  ལོ་བཞི་ཡི་ནང་ནས་ཕ་ཡུལ་འཁོར་ཞག་ཏུ་ཐེངས་གཅིག་ལོག་ཐུབ་ཅིང་། ཐེངས་གཅིག་ལ་ཉི་མ་བཅུ་ཙམ་ལས་མེད་ཅིང་ཕར་ལམ་ཚུར་ལམ་གྱི་བཤུལ་ལམ་གྱིས་དེའི་ཕྱེད་ཀ་ཟད་འགྲོ་ཡི་ཡོད།

སྒོའི་ཁ་གཏད་ཀྱི་རྩིག་ངོས་སུ་གདོང་འབག་ནག་པོ་ཞིག་བཞག་འདུག་པ་ཀརྨ་རྡོ་རྗེ་ཡིས་ཁྱིམ་ནས་རང་གི་སྤུན་ཆུང་དང་མཉམ་དུ་བཟོས་པ་རེད། ཡུལ་ཤུལ་གྱི་ས་ཡོམ་ཁྲོད། རྡོ་རྗེ་ཚེ་རིང་གི་ཕ་མ་གཉིས་དང་ནུ་བོ། སྲིང་མོ་རྐྱེན་ལམ་དུ་ཤོར་རྗེས་རྡོ་རྗེ་ཚེ་རིང་ཕ་ཡུལ་དུ་ལོག་ཐེངས་ཤིན་ཏུ་ཉུང་། ཡུལ་མི་ཚོར་འཚམ་འདྲི་ཡང་བྱེད་མི་ཕོད། ཁམས་འདྲི་ཇི་ལྟར་བྱེད་དགོས་པའང་མི་ཤེས། ཤེས་ན་འདོད་ལ་ཡང་ཤེས་ན་མི་འདོད་པར་འདུག

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060