སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
“ཀྲུང་གོའི་སེམས་མཉམ་སྐྱོང”བདེ་ཐང་སློབ་གླིང་གི་རྔ་བའི་ཡན་ལག་སློབ་གླིང་བཙུགས།
སྤེལ་དུས། 2015-07-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བཀྲ་རྒྱལ།
  ཡོན་ཧྲི་ཀའོ་རོན་ལེན“ཀྲུང་གོའི་སེམས་མཉམ་སྐྱོང”བདེ་ཐང་སློབ་གླིང་གི་རྔ་བའི་ཡན་སློབ་གླིང་ལ་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ།
  ཟླ༧པའི་ཚེས༨ཉིན་གྱི་སྔ་དྲོར། “སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་སེམས་མཉམ་སྐྱོང”སྤྱི་ཕན་རྩ་འཛུགས་ཀྱིས་རོགས་སྐྱོར་གནང་པའི“ཀྲུང་གོའི་སེམས་མཉམ་སྐྱོང” བདེ་ཐང་སློབ་གླིང་གི་རྔ་བའི་ཡན་སློབ་གླིང་ལ་སྒོ་བྱང་འགེལ་བའི་མཛད་སྒོར་དེ་འབར་ཁམས་འཕྲོད་བསྟེན་སློབ་གྲྭའི་ལུས་རྩལ་ར་བ་ནས་བསྡུས། ཀྲུང་གོའི་བཟོ་བཀོད་སློབ་གླིང་གི་ཡོན་ཧྲི། ཧྥུའུ་ཝེ་སྨན་ཁང་གི་སྙིང་ཁམས་ཁྲག་རྩའི་རིམས་ནད་ཀྱི་ཆེད་མཁས། ཀྲུང་ཧྭ་སྙིང་ཁམས་ཁྲག་རྩའི་དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཀའོ་རོན་ལེན་གྱིས་ཡོན་ཀྲང་ཐོག་མའི་འགན་བཞེས།
  ཀའི་རོན་ལེན་གྱིས“ལུས་པོའི་ལྕོགས་ཏེ་འགུལ་སྐྱོད་བྱེད་ཐུབ་རག་བར་དུ། ང་རང་ཇི་སྲིད་བར“ཀྲུང་གོའི་སེམས་མཉམ་སྐྱོང”འོས་འགན་སྨན་བཅོས་ཀྱི་ལས་རིམ་དུ་ཞུགས་ངེས་ཡིན”ཞེས་སྨྲས། དེའི་སྔོན་རིང་། ཁོང་ཉིད“ཀྲུང་གོའི་སེམས་མཉམ་སྐྱོང”གྱི་འོས་འགན་སྨན་བཅོས་ཀྱི་ཐེངས་རེ་རེའི་ལས་རིམ་དུ་ཞུགས་མྱོང་འདུག
  ཀའོ་རོན་ལེན་གྱིས། བས་མཐའི་ས་ཁུལ་གྱི་གཞི་རིམ་འཕྲོད་བསྟེན་ཆ་རྐྱེན་འཁོས་ཞན་པ་དེ་ལ་ཀུན་ནས་སེམས་ཁྲལ་སྐྱེ་འོས་པ་ཞིག་སྟེ། སློབ་གླིང་འདི་ག་འཛུགས་པའི་དམིགས་ཡུལ་ནི་མཐའ་འཁོབས་ས་ཁུལ་དང་། ལྷག་དོན་བོད་ཁུལ་གྱི་རྫོང་རིམ་པ་མན་གྱི་སྨན་བཅོས་སྡེ་ཚན་གྱི་གཞི་རིམ་སྨན་བཅོས་དཔུང་སྡེའི་སྨན་བཅོས་ཆ་རྐྱེན་དང་ཞབས་ཞུའི་ནུས་ཤུགས་མཐོར་འདེགས་ཡོང་ཆེད་དང་། ཆབས་ཅིག རོགས་སྐྱོར་ཐོབ་ཡུལ་མི་མང་གི་བདེ་ཐང་འདུ་ཤེས་དང་། རིམས་ནད་སྔོན་འགོག་གི་ནུས་ཤུགས་སྐྱེད་བསྲིངས་དང་ཇེ་མཐོར་ཡོང་ཆེད། སྨན་བཅོས་བདེ་ཐང་གི་འདུ་ཤེས་དང་ལག་རྩལ་སྔོན་ཐོན་གྱིས་གཞི་རིམ་ལ་ཕན་ཐོགས་པ་ཡོང་རྒྱུ་དང་། ས་གནས་དེ་གར་ལས་སྒོ་རྒྱུན་སྐྱོང་བྱེད་ཐུབ་པའི་སྨན་བཅོས་དཔུང་སྡེ་ཞིག་སྐྱེད་བསྲིངས་བྱེད་རྒྱུ་དེ་ཡིན་ཞེས་ངོ་སྤྲོད་གནང་བྱུང་།
  སློབ་གླིང་དེའི་ཁོངས་སུ། སྙིང་ཁམས་ཁྲག་རྩའི་བདེ་ཐང་དང་། ཀླད་ཁྲག་རྩའི་བདེ་ཐང་། དབུགས་འབྱིན་རྔུབ་བདེ་ཐང་། གྲུམ་བུའི་བདེ་ཐང་། ཀྲུང་ལུགས་གསོ་རིག་གི་བདེ་ཐང་། རུས་ནད་བདེ་ཐང་། མོ་ནད་བུ་བཙའི་བདེ་ཐང་། གཅིན་ཟགས་ཕྱི་ཚན་བདེ་ཐང་། གསང་རྒྱུད་ཟགས་གཤེར་བདེ་ཐང་སོགས་ཆེད་ལས་བདེ་ཐང༩ཡི་ཡན་ལག་ཁང་ཡོད་པ་དང་། བདེ་ཐང་ཐད་འཆད་འཁྲིད་གནང་མཁན་དགེ་རྒན་ཡོངས་རྫོགས་ཀྱང་ནད་ཐོག་ལས་རྐང་དང་པོ་ནས་ཡིན་ལ་མཐོ་རིམ་གཞོན་པ་ཡན་གྱི་ལས་ཐོབ་ཡོད་རེད། དེའི་ཁྲོད་ཡོན་ཧྲི་དང་། དགེ་རྒན་ཆེན་མོ་བརྒྱ་ལྷག་འདུས། སློབ་གླིང་གིས“ཀྲུང་གོའི་སེམས་མཉམ་སྐྱོང”སྤྱི་ཕན་རྣམ་གྲངས་ལ་བརྟེན་ནས་ལས་རྐང་དང་པོར་ཟབ་སྦྱོང་གནང་རྒྱུ་མ་ཟད། རྒྱང་ཁྲིད་དང་། ལག་ཐོགས་ཁ་པརAPPསོགས་དེང་རབས་ཅན་གྱི་བྱེད་ཐབས་སྤྱད་ནས་དུས་ཐོག་ཏུ་ཆ་འཕྲིན་གསར་སྒྱུར་དང་དུས་ལྟར་འབྲེལ་འདྲིས། རྒྱང་ལམ་སྨན་བཅོས་སོགས་གནང་རྒྱུ་རེད།
  ཀའོ་རོན་ལེན་གྱིས། བདེ་ཐང་སློབ་གླིང་བཙུགས་རྗེས། ཡན་ལག་སློབ་གླིང་ཁག་གིས་རྔ་བའི་ཡུལ་གྱི་ས་གནས་དེ་གའི་ཁྱབ་ཁོངས་སོ་སོའི་སྨན་བཅོས་གནས་བབ་ལ་རྟོག་ཞིབ་བྱེད་རྒྱུ་དང་། རྟོག་ཞིབ་དངོས་ལ་གཞིགས་ནས་བསླབ་ཚན་ཁག་གི་སློབ་དེབ་སྒྲིག་རྒྱུ་མ་ཟད། ས་གནས་དེ་གའི་དགོས་མཁོ་ལྟར་འབྲེལ་ཡོད་བསླབ་གཞི་འཆད་ཁྲིད་ལ་གྲ་སྒྲིག་བྱས་ནས། རོགས་སྐྱོར་བྱ་ཡུལ་ལ་དངོས་གཞིའི་རོགས་སྐྱོར་གནང་རྒྱུ་དང་ཆབས་ཅིག ཕན་ཚུན་ཁ་འཕྲོད་ཀྱི་རོགས་སྐྱོར་བརྒྱུད་ས་གནས་དེའི་སྨན་བཅོས་དཔུང་སྡེའི་ནུས་ཤུགས་མཐོར་འདེགས་ལ་རོགས་སྐྱོར་གནང་རྒྱུ་དང་། ཕན་གོ་ཆོད་པའི་ལག་རྩལ་གསར་པ་སྤྱད་ནས་སྐབས་མཁོའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ཟེར།
  “ཀྲུང་གོའི་སེམས་མཉམ་སྐྱོང”བདེ་ཐང་སློབ་གླིང་དུ་ཚུད་པའི་སློབ་མ་རྣམས་ཀྱིས“ཀྲུང་གོའི་སེམས་མཉམ་སྐྱོང”བརྒྱུད་ཡོན་ཧྲི་དང་རྒྱལ་ནང་གི་རིག་ཚན་སྣེ་ཁྲིད་མི་སྣའི་ཁྱབ་ཁོངས་ཁག་གི་རིག་གཞུང་འཆད་ཁྲིད་ཀྱི་གནས་ཚུལ་གསར་པ་དང་ས་གནས་དེ་གར་དགོས་མཁོ་ཆེ་བའི་ཟབ་སྦྱོང་བརྙན་ལམ་ལ་བལྟ་ཐུབ་ལ། “ཀྲུང་གོའི་སེམས་མཉམ་སྐྱོང”ལས་སྒོ་རྔ་བར་བསྐྱོད་པའི་ཚོགས་པ་ཁག་གི་སྐད་འཕྲིན་ཚོམས་སུ་འབྲེལ་ཡོད་ཆེད་མཁས་དང་ནད་དཔེ་གྲོས་བསྡུར་བྱས་ཆོག་པ། ས་གནས་དེ་གའི་ཐག་གཅོད་དཀའ་བའི་ནད་དཔེ་རིགས་རྒྱང་ཁྲིད་མ་ལག་བརྒྱུད་ཆེད་མཁས་ཀྱིས་ནད་དཔྱད་བཀོད་དེ་དཀའ་གནད་ཐག་གཅོད་བྱེད་ཐུབ།
  ཁ་བྱང་ཕྱི་མོ། “ཀྲུང་གོའི་སེམས་མཉམ་སྐྱོང”བདེ་ཐང་སློབ་གླིང་གི་རྔ་བའི་ཡན་ལག་སློབ་གླིང་བཙུགས།
(རྩོམ་འགན་པ། ལྷ་དབང)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070