སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
“སྤྲིན་དཀར”ཡང་སྟེང་གི་དགེ་སྒྲུབ་ཉེར་བཅོས།
སྤེལ་དུས། 2015-07-29   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  ཚེ་རིང་རྣམ་རྒྱལ།

རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་གནས་ཤིང་། མཐོ་སྒང་དང་བྲག་རོང་རི་བོ་ཆེན་པོ་གཅིག་ཐོག་གཅིག་གིས་བྱས་ཏེ་ཡོད། ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་གྱི་གནའ་བོའི་ཆཱང་རིགས་ལས་གནས་འདིའི་དེང་སང་གི་བོད་རིགས་དང་ཆཱང་རིགས་བྱུང་ལ། དེར"སྤྲིན་རིམ་དུ་གནས་པའི་མི་རིགས"ཞེས་པའི་མིང་ཐོགས། ཟླ པ་ནི་རྔ་བའི་ཆེས་མཛེས་སྡུག་གི་བཞིན་རས་ངོམ་པའི་དུས་ཡིན་ལ། སྐབས་འདིར་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་གསོ་རིག་ཆེད་མཁས་པ ༨༠༠ འདུས་པའི་དགེ་སྒྲུབ་ཉེར་བཅོས་རུ་ཁག་ཅིག་མཚོ་མཉམ་སྨི ༣༥༠༠ ཡིན་པའི་མཐོ་སྒང་འདིར་ལྷགས་ཏེ"སྤྲིན་དཀར"ཡང་སྟེང་ནས་དགེ་སྒྲུབ་ཉེར་བཅོས་བྱེད་མགོ་ཚུགས།

 

སི་ཁྲོན་ནུབ་བྱང་ཁུལ་དུ་གནས་པའི་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གྱི་ཁྱོན་མང་ཤོས་མཚོ་མཉམ་མཐོ་བའི་ཁུལ་དུ་གནས་ལ། འཕྲེད་བཅད་རི་རྒྱུད་ཀྱི་བྱང་ཁུལ་དང་སི་ཁྲོན་ནུབ་བྱང་རི་མཐོ་དང་བྲག་རོང་ཁུལ་འདྲེས་མཚམས་སུ་ཆགས་ཤིང་། ས་བཙན་ཞིང་བྲག་གཟར། མཛོད་དགེ་ནི་ཀན་སུའུ་བརྒྱུད་དེ་རྔ་བར་ཞུགས་པའི་འགག་སྒོ་ལྟ་བུ་ཡིན། པར་འདི་མཛོད་དགེ་རྫོང་འ་སྐྱིད་ཡུལ་ཚོའི་འབྲོག་པ་རྡོ་བྷའི་སྒོ་འགྲམ་ནས་སྨན་པས་གློ་ཚད་ཅན་གྱི་ནད་པར་བརྟག་དཔྱད་བྱེད་བཞིན་པ།

མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་འཕྲོད་བསྟེན་ཁང་དུ་བྱིས་པ་རྣམས་ཀྱི་ལག་ཏུ་སྨན་པས་སྟེར་བའི་རྒྱ་སེའི་དབྱིབས་ཀྱི་དབྱིག་རྩེའི་མངར་ཆ་དང་ཐོ་བཀོད་བྱང་བུ་བཟུང་ནས། ལྷན་སྐྱེས་སེམས་ནད་དང་ཐུམ་འབུའི་ནད་སོགས་ཡོད་མེད་བརྟག་པར་སྒུག དབྱིག་རྩེའི་མངར་ཆ་ནི་སྨན་པས་དྲུག་གཅིག་བྱིས་པའི་དུས་ཆེན་སྐབས་བུ་མོར་ཕུལ་བའི་ལེགས་སྐྱེས་ཡིན་རུང་། སྨན་པའི་བུ་མོས་རང་ཉིད་དགེ་སྒྲུབ་ཉེར་བཅོས་སུ་རྔ་བར་འགྲོ་དགོས་པ་ཐོས་མ་ཐག་ལེགས་སྐྱེས་འདི་ཆེད་དུ་ཁྱེར་ཡོང་ནས་གནས་འདིའི་བྱིས་པ་ཚོར་ཕུལ།

ཟླ པའི་ཚེས ཉིན་མཛོད་དགེ་རྫོང་བོད་སྨན་ཁང་དུ་སྨན་པས་ཁྱེར་འོང་བའིBབརྒལ་བརྟག་ཆས་ཀྱིས་ལོ་བདུན་ཙམ་གྱི་བདེ་སྐྱིད་མཚོ་མོའིམིང་སྒྲ་སྒྱུར་བྱསལྷན་སྐྱེས་སེམས་ནད་ལ་བརྟག་དཔྱད་བྱས། དམའ་གནོན་དང་དབྱང་ཉུང་གི་མཐོ་སྒང་གི་ཁོར་ཡུག་གིས་གནས་འདིར་ལྷན་སྐྱེས་སེམས་ནད་འབྱུང་ཚད་ནང་ལོགས་དང་སྡུར་ན་ལྡབ་ཁ་ཤས་ཀྱིས་ཆེ་རུ་སོང་།

གཟི་ཚ་སྡེ་དགུ་རྫོང་མི་དམངས་སྨན་ཁང་དུ་ལྷན་སྐྱེས་སེམས་ནད་ཡོད་པའི་བྱིས་པ་ཞིག་ལ་བརྟག་དཔྱད་བྱེད་བཞིན་པ། སེན་མོའི་རྩེ་སྨུག་ནག་ཏུ་ཡོད་པ་ནི་ལྷན་སྐྱེས་སེམས་ནད་ཅན་གྱི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན།

དགེ་སྒྲུབ་ཉེར་བཅོས་པ་སྨན་པ་དང་དང་བླངས་པ་ཡང་མཚོ་འཕགས་རྨིད ༣༥༠༠ ཡོད་པའི་མཐོ་སྒང་འདི་ནས་དེ་འདྲའི་སྐྱིད་པོ་རང་མི་འོང་སྟེ། གཟི་ཚ་སྡེ་དགུ་རྫོང་མི་དམངས་སྨན་ཁང་ནས་སྨན་པ་ཞིག་གིས་ས་མཐོའི་ཤུགས་རྐྱེན་ཐེབས་པས་ནད་པ་མེད་པའི་གོ་སྐབས་དང་སྟུན་ནས་ངལ་གསོ་ཕྲན་ཙམ་བྱས། སྨན་པ་འདིས་ཉེ་སྔོན་ཏག་ཏག་ལ་ལོ་གཅིག་ཡས་མས་ཀྱི་བྱིས་པ་ཞིག་གི་སྙིང་ལ་ཞིབ་བཤེར་བྱས། བྱིས་པ་འདི་ནི་བུད་མེད་རྒན་པ་ཞིག་གི་བུ་གཉིས་པ་ཡིན་འདུག་ལ་བུ་ཆེ་བ་ལོ་ན ༡༧ སོན་སྐབས་ལྷན་སྐྱེས་སེམས་ནད་ཀྱིས་འདས་འདུག

རྔ་བ་ཁུལ་འབར་ཁམས་རྫོང་ནས་སྨན་པས་ཀླད་པ་གྲིབ་སྐྱོན་ཅན་ལ་བཤགས་བཅོས་བྱེད་པའི་གྲ་སྒྲིག་གི་འགོ་བརྩམས།

ཟླ པའི་ཚེས ཉིན། སྐྱ་འགྲིབམིག་ནད་བར་འགྲིབཅན་གྱི་ནད་པ་བཤགས་བཅོས་བྱས་རྗེས་སུ་སྨན་ཁང་གི་བར་ཁྱམས་སུ་ངལ་གསོ་བཞིན་པ། མཐོ་སྒང་དུ་མཁའ་དབུགས་སྲབ་པ་དང་སྨུག་ཕྱིའི་འོད་དྲག་པས་སྐྱ་འགྲིབ་ནད་འབྱུང་བའི་སྲིད་ཕྱོད་ཤིན་ཏུ་ཆེའོ།

འབར་ཁམས་ཁུལ་སྨན་ཁང་དུ་སྐྱ་འགྲིབ་ཅན་གྱི་ནད་པས་བཤགས་བཅོས་བྱེད་པར་སྒུག་བཞིན་པ།

བོད་རིགས་མང་ཚོགས་ཁ་ཤས་པེ་ཅིང་ནས་འོང་བའི་སྨན་པའི་མཐའ་སྐོར་འདུག ཐེངས་འདིའི་དགེ་སྒྲུབ་ཉེར་བཅོས་རུ་ཁག་ནི་པེ་ཅིང་དང་ཧྲང་ཧེ་སོགས་ཀྱི་གྲགས་ཆེ་བའི་སྨན་ཁང་དག་གི་སྨན་པ་ཡིན་ལ། ཁོ་ཚོས་ས་མཐོ་རྔ་བར་གནས་པའི་སྡོད་དམངས་ལ་ཕན་ནུས་ལྡན་པའི་འཕྲོད་བསྟེན་ཞབས་ཞུ་ཞིག་ཡོང་བར་བརྩོན་བཞིན་ཡོད།

གནས་དེའི་སྡོད་དམངས་ཤིག་ལ་ཁབ་བཙའ་ཡིས་སྨན་བཅོས་བྱེད་བཞིན་པ།

ཟླ པའི་ཚེས ༡༠ ཉིན་མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་འཕྲོད་བསྟེན་ཁང་དུ་ཡོད་པའི་སྨན་པ་ཞིག་གིས་འགྲོ་སྡོད་སྟབས་མི་བདེ་བའི་འབྲོག་པ་ཞིག་ལ་ཕྱི་རོལ་ནས་ལུས་པོར་བརྟག་དཔྱད་བྱེད་བཞིན་པ།

ཕྱི་རོལ་ནས་སྨན་པ་གསུམ་གྱིས་རླུང་ནད་ཅན་གྱིXསྨྱན་ཤོག་ལ་ལྟ་བཞིན་ཁམས་གསོའི་སྨན་བཅོས་འཆར་གཞི་གྲོས་སྡུར་བྱེད་བཞིན་པ།

བཤགས་བཅོས་མ་བྱས་པའི་སྔོན་དུ་སྨན་པས་ཀླད་པ་གྲིབ་སྐྱོན་ཅན་ཞིག་གིXསྨྱན་ཤོག་ལ་ཡང་བསྐྱར་བལྟས་ཏེ་བཤགས་བཅོས་འཐུས་ཤོར་མེད་པར་གྲ་སྒྲིག་བྱེད་བཞིན་པ།

ཟླ པའི་ཚེས ༡༠ ཉིན། དགེ་སྒྲུབ་ཉེར་བཅོས་སྨན་པ་གཉིས་ས་མཐོ་ནས་གློ་སྐྲངས་པས་སྨན་ཁང་སྨན་བཅོས་བྱེད་བཞིན་ཡོད། དེ་ལྟ་བུའི་མཐོ་སྒང་གི་ཤུགས་རྐྱེན་འདྲ་མིན་སྣ་ཚོགས་ཐེབས་ཀྱང་ཁོ་ཚོའི་གདོང་ན་འཛུམ་གྱི་ཁེངས་འདུག  ཐེངས་འདིའི་དགེ་སྒྲུབ་ཉེར་བཅོས་རྔ་བ་ཁུལ་གྱི་རྫོང་དྲུག་དང་ཡུལ་ཚོ་བཞི་བཅུ་ལ་ཉིན་བཅུ་སྤྱད་དེ།ལྷན་སྐྱེས་སེམས་ནད་དང་ཐུམ་འབུའི་ནད། ཚིགས་ལྦ། སྐྱ་འགྲིབ་སོགས་ཡོད་མེད་ཞིབ་བཤེར་དང་ནད་བཅོས་བྱས། སྨན་བཅོས་བྱས་པའི་སྡོད་དམངས་ཀྱི་ནད་སོས་དང་མཐོ་སྒང་གི་འཕྲོད་བསྟེན་ལ་འགྱུར་ལྡོག་བྱུང་བ་མཐོང་དུས། ཁོ་ཚོའི་ལྷད་མེད་ཀྱི་འཛུམ་མདངས་སྔར་ལས་གསལ།

འབྲོག་མོ་འདི་གཉིས་ཀྱི་རུས་ཚིགས་སྨན་པས་མཉེད་འཕུར་བྱས་ཏེ་རྨས་ཕོག་པའི་རྐང་བའི་ན་ཟུག་བཞག་པ་ན། དགེ་སྒྲུབ་ཉེར་བཅོས་རུ་ཁག་ལ"སྟོད་པའི"མཐེ་བོང་ཀེར། དཀའ་སྡུག་གིས་ཁེངས་པའི་ས་ཁུལ་འདི་ལྟ་བུའི་སྤྱི་བའི་འཕྲོད་བསྟེན་ནི་གནའ་ནས་བཟུང་གནས་པའི་གནད་དོན་ཞིག་རེད། ཐེངས་འདིར་རུ་ཁག་འདིས་འབྲེལ་བ་བརྒྱུད་སྡོད་དམངས་ཀྱི་བདེ་ཐང་འདུ་ཤེས་མཐོར་འདེགས་སུ་ཕྱིན་འདུག དེ་དང་མཉམ་དུ། ཁོ་ཚོས་ཀྱང་ས་མཐོའི་ཡུལ་འདི་རུ"འགྲོ་མི་སྲིད་པའི་འཕྲོད་བསྟེན་རུ་དཔུང་ཞིག"ཡོད་ན་སྙམ་པའི་རེ་བ་བྱེད་ཀྱིན་འདུག

རྩོམ་འགན་པ། སྒྲོལ་ཚེ།

 

 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070