༄༅།།ཡུལ་ཤུལ་གནོད་ཐེབས་མི་དམངས་ལ་ཕུལ་པའི་འཚམས་འདྲི་ཡི་གེ

ད་ལོའི་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། ང་ཚོའི་ཕ་ཁྱིམ་དྲོད་མོ་སྟེ་མདོ་དབུས་མཐོ་སྒང་གི་ཡུལ་ཤུལ་རྫོང་དུ་ཚད་རིམ་༧.༡ཅན་གྱི་ས་འགུལ་དྲག་པོ་ཞིག་གློ་བུར་དུ་བརྒྱུགས་པས་རྒྱ་ཆེའི་ཡུལ་ཤུལ་སྤུ་ཟླ་རྣམས་ལ་བསམ་ཡུལ་ལས་འདས་པའི་མི་ཤི་ཁྱིམ་སྟོང་གི་ཆག་འཇིག་ཡ་ང་བ་བྱུང་བ་རེད། དེར་དམིགས་ནས་ངེད་དགེ་སློབ་ཚང་མའི་སེམས་ཁོང་མཆི་མས་བརླན་ཞིང་གདུང་སེམས་མཉམ་སྐྱེས་ཀྱིས་སེམས་གསོའི་ཚུལ་དུ་འཚམས་འདྲིའི་ཡི་གེ་འདི་ཕུལ་པ་ལགས། ཀྱེ་མ། ས་ཆེན་པོ་འདི་ཇི་འདྲའི་གདུག་རྩུབ་ཆེ་ཞིང་། ཇི་འདྲའི་སྙིང་རྗེ་མེད་པ་ཞིག་རེད་ཨང་། གློ་བུར་བའི་གཡོ་འགུལ་ཐེངས་གཅིག་གིས་རིན་ཆེན་ཚེ་སྲོག་སྟོང་ཕྲག་དུ་མ་ཁྱུར་མིད་དུ་བཏང་ཞིང་། གདུག་རྩུབ་ཀྱི་ཁྲོ་གཉེར་བསྡུ་ཐེངས་གཅིག་གིས་སེམས་ཅན་གང་མང་ཞིག་ཤ་ཉོག་རུས་ཉོག་ཏུ་བཏང་བྱུང་།
  • ཡིག་གཟུགས་ཀྱི་སྒྱུ་རྩལ།
  • ཞེ་ཚིག་གི་སློབ་ཚན།(༥༠)
  • ཞེ་ཚིག་གི་སློབ་ཚན།(༤༦)
  • ཞེ་ཚིག་གི་སློབ་ཚན།(༤༦)
  • ཁོར་ཡུག་ནི་ང་ཚོའི་ཡོད་ཚད་ཡིན།
  • ཞེ་ཚིག་གི་སློབ་ཚན།(༤༥)
  • ༄༅།།ལེ་ལོ་ཅན་དང་བརྩོན་འགྲུས་ཅན།
  • ༄༅།།གྲུ་གཟིངས།
  • ༄༅།། བྱེའུ་པོ་པོ།
  • ༄༅།།བདག་སེམས་ཀྱི་ཁུ་བྱུག

    སྦྲང་ཆར་བསིལ་མ་ཐེངས་འགར་བབས་པ་ན། ས་གཞི་ལྗང་མདོག་ཏུ་གྱུར་ཅིང་ཡོད་ཚད་ལ་གསོན་ཤུགས་ཤིག་རྒྱས་འདུག ཆུ་ཕྲན་གྱི་བཞུར་སྒྲ་དང་ནོར་ལུག་གི་འབའ་ངུར། ཤེའུ་ཆུང་གི་རྩེད་འཇོ་དང་མེ་ཏོག་གི་བསུང་ཞིམ། འཕྲེད་གླིང་གི་དབྱངས་རྟ་སོགས་རླུང་བུ་འཇམ་པོ་ཞིག་གིས་བདག་གི་ཐོས་འཛིན་གྱི་བུ་ཕྲ་མོའི་ལམ་དུ་སྐྱེལ་ཡོང་དུས། དཔྱིད་ཀ་ཞིག་ཕར་ལ་བསྐྱལ་ནས་དབྱར་ཁ་ཞིག་ཚུར་ལ་བསུས་ཡོང་བ་གཞི་ནས་ཚོར། ནམ་རྒྱུན། སྒེའུ་ཁུང་ཁར་འགྲེང་ནས་ཕྱི་རོལ་ལ་རྒྱང་ལྟ་བྱ་རྒྱུ་ནི་ཁོ་བོའི་གོམས་གཤིས་ཤིག་ཡིན་ལ། གོམས་གཤིས་དེ་བདག་སེམས་ཀྱི་རེ་སྒུག་དང་སྨོན་འདུན་ལ་སྦྲེལ་ཡོད། ཆར་རྗེས་ཀྱི་ས་གཞི་ནི་གཡུ་ཞུན་གྱིས་ལན་བརྒྱར་བྱུགས་པ་དང་འདྲ་བར་ཧ་ཅང་སྙིང་དུ་སྡུག་པ་ཞིག་རེད། ཤར་ཕྱོགས་སུ་ཕྱེས་པའི་སྒེའུ་ཁང་ཆུང་ཆུང་ལས་ཉི་མའི་འོད་ཟེར་ནི་ཨ་མས་དྲོད་འཇམ་གྱི་ཕྱག་ཟུང་གིས་བདག་ལ་བྱིལ་བྱིལ་བྱེད་པ་དང་འདྲ་ཞིང་། བསིལ་རླུང་གིས་བདས་པའི་མེ་ཏོག་གི་བསུང་ཞིམ་མངར་མོ་ཞིག་ཀྱང་བདག་གི་དྲི་འཛིན་གྱི་ལམ་དུ་འཐུལ་དུས། བདག་གིས་འབྲི་འཕྲོ་ཡིན་པའི་སྙན་ཚིག་ཚན་པ་དེ་བསྐྱུར་ནས་ཁང་ཆུང་གི་སྒོར་བུད་པ་ཡིན།

    ༄༅།།འབྲི་ཐབས་སྣ་ཚོགས་སྤྱད་དེ་མི་སྣའི་སེམས་ཁམས་མཚོན་དགོས།

    ༡.ཆིག་ལབ་ལ་བརྟེན་ནས་སེམས་ཁམས་མཚོན་ཐབས། ༡.ཆིག་ལབ་ལ་བརྟེན་ནས་སེམས་ཁམས་མཚོན་ཐབས། དེ་ནི་མི་སྣའི་ཆིག་ལབ་ལ་བརྟེན་ནས་སེམས་ཁམས་རྒྱུས་ལོན་བྱེད་པ་ལ་ཟེར། དཔེར་ན། ཏུའུ་ཏེའི《མཇུག་མཐའི་སློབ་ཐུན་གཅིག》ཅེས་པ་ལས། ཐོག་མར་ཧྥུ་ལང་ཧྲི་སློབ་ཁྲིད་ཀྱི་རྗེས་མ་ཆོད་པ་དང་། སློབ་ཚན་བསྐྱར་སྦྱོང་ཡང་བྱས་མེད་པས་དགེ་རྒན་གྱི་སྡིག་དམོད་གནང་བར་སྐྲག་སྟེ་སློབ་བྱོལ་བྱེད་པའི་བསམ་ཚུལ་བྲིས་ཡོད། འབྲི་ཐབས་འདིས་གསོན་ཉམས་ལྡན་པའི་སྒོ་ནས་ཧྥུ་ལང་ཧྲི་གྲོང་རྡལ་གཞུང་ལས་ཁང་བརྒྱུད་ནས་འགྲོ་སྐབས་ཀྱི་ནང་སེམས་ཀྱི་འགྱུར་ལྡོག་དང་ཁོའི་གཤིས་ཀ་ཡི་ཕྱོགས་གཞན་ཞིག་སྟེ་བཙན་འཛུལ་པར་སྡང་བའི་སེམས་དང་མེས་རྒྱལ་ལ་དགའ་བའི་བསམ་ཚུལ་མངོན་པར་མཚོན་ཡོད།

    ༄༅།།བྱིའུ་འཇོལ་མོ།

    སྔར་བྱིའུ་འཇོལ་མོ་ཞིག་ཡོད། དེའི་གྲེ་འགྱུར་ཧ་ཅང་སྙན་པས། མུན་རུབ་མ་ཐག་མི་མང་པོ་རྟག་དུ་དེའི་རྩར་བཅར་ནས་ཉན་པར་དགའ། རྒྱལ་པོས་གནས་ཚུལ་དེ་ཐོས་རྗེས་བློན་ཆེན་ལ་ བྱིའུ་དེ་བཙལ་ནས་ཕོ་བྲང་དུ་ཁྱེར་ཤོག ཅེས་བཀའ་ཕབ། བློན་ཆེན་དེས་ས་ཕྱོགས་སོ་སོར་བཙལ་ཀྱང་མ་ཪྙེད་པས་མཐར་དབུལ་བོའི་བུ་མོ་ཆུང་ཆུང་ཞིག་ལ་རྩད་བཅད། བུ་མོ་དེས་ནགས་ཚལ་དུ་ལམ་ཁྲིད་པས་བློན་ཆེན་གྱིས་བྱིའུ་དེ་ཪྙེད་ཅིང་ཕོ་བྲང་དུ་ཁྱེར། བྱིའུ་འཇོལ་མོའི་གྲེ་འགྱུར་ཧ་ཅང་སྙན་པས། རྒྱལ་པོའང་སེམས་འགུལ་ཐེབས་ནས་མཆི་མ་ཤོར། རྒྱལ་པོས་བྱིའུ་འཇོལ་མོ་གཟེབ་ཅིག་གི་ནང་དུ་བཅུག་ནས་ཕོ་བྲང་དུ་བཞག་ཅིང་། ཉིན་རེ་བཞིན་ཞབས་ཕྱི་བ་མངགས་ཏེ་གསོ་རུ་བཅུག དེའི་རྗེས་སུ། ཕྱི་གླིང་པ་ཞིག་གིས་རྒྱལ་པོར་འཇོལ་མོ་བཟོས་མ་ཞིག་ཕུལ། དེའི་གཅུ་གཟེར་གཅུས་པ་ན། སྙན་འཇེབས་ཀྱི་གླུ་ལེན་ཤེས་པ་རེད།

    ༄༅།།ལྟ་ཞིབ་ནུས་པ་སྐྱེད་སྲིང་བྱེད་པར་དོ་སྣང་བྱ་དགོས།

     ལག་ལེན་ལས་བདེན་དཔང་བྱས་པ་ལྟར་ན། སློབ་གྲོགས་རྣམས་ཀྱི་ལྟ་ཞིབ་ནུས་པའི་དྲག་ཞན་ནི་འཇིག་རྟེན་ལ་ངོས་འཛིན་དང་ཤེས་བྱ་རྒྱ་ཆེར་བསྐྱེད་པར་ཐད་ཀར་འབྲེལ་བ་ཡོད། དཔེར་ན་སྐད་ཡིག་སློབ་སྦྱོང་གི་ཁྲོད་དུ་འབྲི་ཚུལ་དང་སྒྲིག་གཞི་ཅུང་མི་འདྲ་བའི་ཡི་གེ་ལ་ལྟ་ཞིབ་བྱེད་མཁས་པའི་སློབ་གྲོགས་ཀྱིས་གཅིག་བལྟས་པ་ཙམ་གྱིས་ཡིད་ལ་འཛིན་ཐུབ་ཅིང་། བྲིས་ནའང་ནོར་འཕྱུགས་མེད། དེ་མ་ཡིན་པར་ལྟ་ཞིབ་ལ་ཡིད་འཇོག་མི་བྱེད་པའི་སློབ་གྲོགས་ལ་ནམ་ཡིན་ཡང་ནོར་འཕྱུགས་འབྱུང་སྲིད། རྩོམ་འབྲི་བའི་ཐད་ལྟ་ཞིབ་བྱེད་མཁས་པའི་སློབ་གྲོགས་དེས་ནམ་ཡིན་ཡང་འཚོ་བ་དངོས་ཀྱི་ནང་ནས་བརྗོད་བྱ་གསར་བ་མི་ཉུང་བ་ཞིག་ཪྙེད་པར་མ་ཟད། ལག་ཏུ་ནམ་ཡང་བྲིས་མི་ཚར་བའི་རྒྱུ་ཆ་ཡོད། དེ་ལས་ལྡོག་ཏེ་ལྟ་ཞིབ་བྱེད་མི་འདོད་པའི་སློབ་གྲོགས་དེར་ནམ་ཡང་བྲི་བའི་རྒྱུ་ཆ་མེད་པའི་སྣང་བ་འབྱུང་སྲིད།

    ༄༅།།ལྡོག་པ་ཅན་གྱི་རྒྱན་བཤད་པ།

    ལྡོག་པ་ཅན་གྱི་རྒྱན་ཞེས་པའི་ངོ་བོ་རྩ་བར། སྒྲ་འཇུག་པའམ་རྟོགས་པ་ཡི།། དེ་ཡི་དབྱེ་བ་བརྗོད་པ་གང་།། དེ་ཡི་ལྡོག་པ་ཅན་ཞེས་བརྗོད།། ཅེས་པ་སྟེ། དངོས་སུ་སྒྲ་འཇུག་པའམ་དོན་གྱི་ཤུགས་དང་སྐབས་ཐོབ་ལས་རྟོགས་པར་བྱེད་པ་དག་གི་སྒོ་ནས་དཔེ་དང་དཔེ་ཅན་གྱི་དངོས་པོ་གཉིས་ནི་རྒྱུ་མཚན་འགའ་ཞིག་གིས་མཚུངས་པར་གྱུར་པ་ལས་ཁྱད་པར་འགའ་ཞིག་བརྗོད་པའི་སྒོ་ནས་མི་མཚུངས་པར་དབྱེ་བ་འབྱེད་པ་སྟེ། མཚུངས་པ་ལས་ལྡོག་པར་བསྟན་པ་ལ་ལྡོག་པ་ཅན་གྱི་རྒྱན་ཞེས་བརྗོད་པ་ཡིན། རྒྱན་འདིའི་ནང་གསེས་དབྱེ་བའི་ཁྱད་པར་ཅུང་ཙམ་བརྗོད་ན།

    ༄༅།།གཡོ་སྒྱུའི་མཇུག་འབྲས།

    གནའ་སྔ་མོ་ཞིག་ལ། དམར་ལུང་སྡེ་བ་ཞེས་པའི་ནང་དུ་ཨ་ཁུ་བསྟན་པ་ཚང་ཟེར་བའི་ཁྱིམ་ཚང་ཕྱུག་པོ་ཞིག་ཡོད། ཁོ་ཚང་ལ་ལོ་ཉེར་ལྔར་སོན་པའི་བུ་གླེན་པ་ཞིག་ཡོད་པ་དང་མིང་ལ་ཕུར་ལོ་ཟེར། ཕུར་ལོ་ནམ་རྒྱུན་བྱིས་པ་ཚོ་དང་མཉམ་དུ་གཞའ་རེས་དང་བདའ་རེས་བྱས་ཏེ་རྩེད་ནས་ཉི་མ་བསྐྱལ་པ་ལས་གཞན་ཅི་ཡང་ལས་མི་ཤེས་པས། ཕ་མ་གཉིས་ཀྱིས་རྒྱུན་དུ་ཁོའི་རྗེས་ཕྱོགས་ཀྱི་འཚོ་བར་སེམས་ཁུར་བྱས། ཉིན་ཞིག་ལ། ཨ་ཁུ་བསྟན་པའི་ཆུང་མ་ཨ་ནེ་མཚོ་མོས་ཞིང་ནང་དུ་ཡུར་མ་ཡུར་བའི་སྐབས་སུ་སྐྱེས་གཟུགས་མཛེས་པའི་བུ་མོ་ཞིག་གམ་དུ་ཡོང་ནས་སྐད་དམའ་མོས“ཨ་ནེ་ལགས། ང་ལ་བྲོ་ཀ་ཞིག་གནང་རོགས”

    ༄༅།།སྟབས་བདེའི་ཞོར་ཟས་ཟོས་ན་མིའི་ལུས་ཕུང་ལ་གནོད།

    སྟབས་བདེའི་ཞོར་ཟས་ཁྲོད་མིའི་ལུས་ཕུང་ལ་མི་འཚམ་པའི་རྒྱུ་ཆ་ལྡན་པས་མིའི་སྐྱེ་ཁམས་ལ་གནོད་པ་འབྱུང་སྲིད། སྟབས་བདེའི་ཞོར་ཟས་ཀྱི་རིགས་ནི་དྲི་ཞིམ་ལ་བྲོ་བ་མངར་མོ་ཞིག་ཡིན་ཕྱིན། ན་ཆུང་བྱིས་པ་རྣམས་ཟ་རྒྱུར་ཧ་ཨང་དགའ། ཞོར་ཟས་འདིའི་རིགས་ཀྱི་ནང་ལ་རོ་མངར་བ་དང་བྲོ་བ་ཞིམ་པའི་རྫས་འགྱུར་གྱི་བྲོ་རྫས་རིགས་མང་བོ་བསྲེས་ཡོད་པས་རོ་བྲོ་ལྕི་བ་ཞིག་ཡིན། སྟབས་བདེའི་ཞོར་ཟས་ཀྱི་ནང་ལ་སྣུམ་གྱི་རིགས་དང་མངར་ཆའི་རྒྱུ་ཆ། ཚྭ་རིགས་མང་བོ་བསྲེས་སྦྱོར་བྱས་ཡོད་པ་མ་གཏོགས་འཚོ་བཅུད་ABCDགཏེར་རྒྱུའི་རིགས་བསྲེས་མེད་པས། ཟས་རིགས་དེ་དག་གི་ནུས་བཅུད་ཧ་ཅང་དོ་མི་མཉམ་པ་རེད། ཡིན་ནའང་ཞོར་ཟས་ནི་གཏན་ནས་ཟ་མི་ཉན་པ་ཞིག་ཀྱང་མིན་ཏེ། ཞོར་ཟས་ལ་ལའི་ནང་ལ་སྒོ་ང་དང་སྔོ་ཚོད་སོགས་བསྲེས་སྦྱོར་བྱས་ཡོད་པས། འོས་འཚམ་དུ་སྤྱད་ན་གནོད་པ་ཆེར་མེད་དོ།།

    ༄༅།།བྲག་དཀར་སྤྲེལ་རྫོང་།

    དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་གནས་མཆོག་འདི་ནི་མཚོ་སྔོན་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ་སུམ་ཅུ་ཙམ་གྱི་སར་གནས་ཤིང་།གནས་རི་འདི་ཉིད་གཡའ་མ་དཀར་བོའམ་བྲག་རྡོ་སྐྱ་བོ་ལས་གྲུབ་པའི་རི་ཚོགས་ཤིག་ཡིན་པས་བྲག་དཀར་ཞེས་དང་། རི་འདིའི་གནས་བདག་གམ་སྲུང་མ་ནི་ལུས་པོ་མི་དང་མགོ་བོ་སྤྲེལ་ཅན་གཉན་སྤྲེལ་ཟླ་བ་ཆེན་པོ་ཞེས་པ་དེ་ཡིན་པས་བྲག་དཀར་སྤྲེལ་རྫོང་ཞེས་ཐོགས། གནས་འདིའི་མཐའ་སྐོར་དུ་གངས་རི་དང་རྫ་རི། ནགས་རི་དང་སྤང་ཐང་། ལྟེང་ཀ་དང་འབབ་ཆུ་སོགས་ཀྱིས་བསྐོར་ཅིང་རི་དྭགས་དང་འདབ་ཆགས་བག་ཕེབས་ངང་རྒྱུ་བ་སོགས་དབེན་གནས་ཀྱི་ཁྱད་ཆོས་ཡོངས་སུ་འཛོམས་པས།
  • ༄༅།།རླངས་འཁོར་གྱི་རྗེས་སུ་རྒྱུག་པ།
  • ༄༅།།ཁྱོད་ལས་ཅན་ཞིག་རེད།
  • ༄༅།།བརྗེད་སླ་བ།
  • ༄༅།།མེས་རྒྱལ།
  • Copyright @ 2001 Tibetinfor.com Inc. All rights reserved
    འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
    ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

    E-Mail:Tict@tibet.cn
    ཁ་པར།:8610-58336060