སྨྱུག་གྲོགས་ངོ་སྤྲོད་གླིང་ག
 
༄༅།།བློ་བསམ།
སྤེལ་དུས། 2008-07-01    ཡོང་ཁུངས་།    རྩོམ་པ་པོ།

                           
      དངོས་མིང་ལ་བློ་བསམ་དང་། མིང་གཞན་ཀེ་ཏན་དང་ཀླུ་བསམ་བློ་བར་ཡང་འབོད། ༡༩༧༦ལོའི་ཟླ་༢པའི་ཚེས༨ཉིན་རྩེ་ཁོག་འབལ་རྩྭ་ཐང་དུ་སྐྱེས། ཆུང་དུས་སློབ་ཆུང་ལོ་ལྔ་བསླབ་མཐར་ཕྱིན་རྗེས་ཨ་ཕའི་རེ་བ་ལྟར་དགོན་པར་སོང་། དེ་བས་སློབ་ཆུང་གི་ལོ་ལྔ་མ་གཏོགས་སློབ་གྲྭར་འགྲོ་བའི་སྐལ་བ་མ་བྱུང་། ཡིན་ནའང་སྙན་པའི་གྲགས་པ་ཕྱོགས་བཞིར་འཕྱོ་བའི་ཀོས་ནན་ཀླུ་ཚང་དགོན་དུ་ཚད་མ་རིག་པའི་ཕྱོགས་ལ་སྦྱང་པ་ཆེས་ཆེར་བྱས་མེད་ནའང་ཐོས་པའི་བགས་ཆགས་ཙམ་བཞག་མྱོང་། དེ་མིན་《མཚོ་སྔོན་མང་ཚོགས་སྒྱུ་རྩལ》དང་《གངས་རྒྱན་མེ་ཏོག》《མཚོ་སྔོན་བོད་ཡིག་གསར་འགྱུར》《མེ་ལོང》སོགས་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་རི་མོ་སུམ་བཅུ་ལྷག་སྤེལ་ནས་ལྟ་མཁན་དག་ལ་གཟིགས་མོར་ཕུལ་བའི་སྐལ་བ་ལྡན་སོང་ལ། ཕྱིས་སུ་ཡང་། དེང་སྐབས་འཇར་པན་དུ་བྱ་བའི་ཞོར་ལ་རི་མོ་སྦྱོང་ཁུལ་གྱིས་གདའ། སློབ་གྲྭར་འགྲིམ་མ་ཐུབ་པ་ནི་མི་ཚེ་འདི་ཡི་ངའི་ཆེས་ཆེ་བའི་གྱོང་གུད་དང་འགྱོད་པ་ཡིན། ཡིན་ནའང་རང་ལ་ཡིད་ཆེས་དང་སྤོབས་པ་ཡོད་ན་ངེས་པར་དུ་སློབ་གྲྭར་འགྲོ་དགོས་པའི་ངེས་པ་མི་འདུག་པར་སྙམ་མོ།
           བརྩམས་ཆོས་དཀར་ཆག
·༄༅།།ལྷད་མེད་ཀྱི་བོད་པ།

·༄༅།།ཧའེ་རིས།

·༄༅།།འཛུམ་གྱིས་བཞེད་པའི་མེ་ཏོག

·༄༅།།ཆུ་ལེན་བུ་མོ།
·༄༅།།མགུར་འབུམ།
·༄༅།།ཨ་ཕའི་ཨུ་ཚུགས།
·༄༅།།ཕ་སྐད།
·༄༅།།པར་རྡེའི་རྫིན་རྡ།
·༄༅།།རྨི་ལམ་ཚན་པ་ཞིག
དྲ་བའི་ཡིག་སྒམ།
mailto:l_samdup@yahoo.com

                                                                                                                        དབང་འདུས་ཀྱིས་ཞུས།

 

 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060