མཚོ་སྔོན་པོའི་རོལ་དབྱངས་དྲ་བ་དངོས་སུ་ཤར་གཏོང་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ།
སྤེལ་དུས། 2009-12-28   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།    རྩོམ་པ་པོ།  ལྷག་སྐྱིད་སྒྲོལ་མ། རྩོམ་སྒྲིག་པ་ལྷག་ཚེ།

       མཚོ་སྔོན་པོའི་སྙན་ཞིང་ཡིད་དབང་འཕྲོག་པའི་རོལ་དབྱངས་ཀྱི་འགྱུར་ཁུག་ལ་གསན་ནས། མཚོ་སྔོན་པོའི་མཐའ་འཁོར་གྱི་རིག་གནས་ལོངས་སྤྱོད་གནོངས་དང་། འདི་ནི་འཛམ་གླིང་གི་དབུ་རྩེར་ཆགས་པའི་བོད་ས་མཐོའི་རང་བྱུང་ཁམས་ཀྱི་སྙན་དབྱངས་གསན་སའི་དོ་ར་ཡིན། སྤྱི་ཟླ༡༢པའི་ཚེས༢༨ཉིན། མཚོ་སྔོན་པོའི་རོལ་དབྱངས་དྲ་བ་དངོས་སུ་ཤར་གཏོང་བྱུང་བ་དང་། དུས་ཡུན་ཟླ་བ་གཅིག་ཙམ་རིང་ཞིབ་ཚགས་ཀྱིས་གསར་གཏོད་མཛད་པའི་མཚོ་སྔོན་པོའི་རོལ་དབྱངས་དྲ་ཚིགས་ཀྱིས་རྒྱ་ཆེའི་དྲ་གྲོགས་ལྷན་རྒྱས་ཀྱི་སྤྱན་སྔར་སྣ་མང་ཕུན་ཚོགས་པའི་རོལ་དབྱངས་ཀྱི་འཇིག་རྟེན་གསར་པ་ཞིག་སྐྲུན་ཡོད་པ་རེད།།

      མཚོ་སྔོན་པོའི་རོལ་དབྱངས་དྲ་བའི་གཙོ་ངོས།http://mp3.amdotibet.com/

       མཚོ་སྔོན་པོའི་རོལ་དབྱངས་དྲ་བའི་ནང་དུ་བོད་རིགས་ཀྱི་རོལ་དབྱངས་རིགས་སྣ་ཚོགས་ཡོད་པ་དང་། ལྷག་པར་དུ་ཨ་མདོ་བོད་ཁུལ་གྱི་དམངས་ཁྲོད་རོལ་དབྱངས་ཏེ། གཞས་གཏོང་རོལ་དཀྲོལ་སྦྲགས་མ་དང་། ལ་གཞས། ཆང་གཞས། རི་གླུ་སོགས་རྒྱ་ཆེའི་དྲ་གྲོགས་ལྷན་རྒྱས་ནས་མཉེས་པོ་གནང་བ་ལ་འཚོལ་སྡུད་བྱེད་དཀའ་བའི་གདོད་མའི་རོལ་དབྱངས་ཕྱོགས་བསྡུས་ཐོག་ནས་དྲ་གྲོགས་རྣམ་པའི་སྙན་དབང་གསོ་བའི་གསོས་སུ་འབུལ་རྒྱུ་རེད།།

        གཞན་ཡང་། བོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་གར་སྟེགས་ཐོག་སྐད་གྲགས་ཡོད་པའི་འཁྲབ་སྟོན་སྒྱུ་རྩལ་མཁས་པ་དང་ཚིག་རྩོམ་མཁན་བཅས་ཡིན་པའི་སྨན་ལྷ་སྐྱབས་དང་། གླུ་པ་ཡར་དུང་། གླུ་པ་གཡུང་དྲུང་རྒྱལ། གླུ་པ་གངས་བཞུགས། ཨ་ཅག་ཚན་བདེ། གླུ་མ་དབྱངས་ཅན་ལྷ་མཛེས། གླུ་པ་བཀྲ་ཤིས་ཉི་མ། གླུ་པ་བསམ་ཁོ། གླུ་མ་རིག་འཛིན་སྒྲོལ་མ། གླུ་མ་མདོ་བ་ཚེ་སྐྱིད། མཐོ་སྒང་གི་བུ་མོ་སྤུན་གསུམ་སོགས་ཀྱིས་མཚོ་སྔོན་པོའི་རོལ་དབྱངས་དྲ་བ་ཤར་གཏོང་བྱུང་བའི་གཏམ་བཟང་ཐོས་པ་དང་ཁོང་ཚོས་དེ་ག་རོལ་དབྱངས་དྲ་བའི་ཕྱིས་འབྱུང་གི་ལས་དོན་ལ་རང་ནུས་ཅི་ཡོད་ཀྱིས་རྒྱབ་སྐྱོར་གནང་རྒྱུ་ཡིན་ལུགས་བསྟན་གནང་བ་མ་ཟད། མཚོ་སྔོན་པོའི་རོལ་དབྱངས་དྲ་བ་དངོས་སུ་ཤར་གཏོང་བྱུང་བར་རྟེན་འབྲེལ་གྱི་སྨོན་ཚིག་བཟང་པོ་ཡང་ཕུལ་གནང་བ་རེད།།

 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060