༄༅།།《བོད་ཀྱི་འབྲོག་ཁྱི》ཞེས་པའི་འགུལ་རིས་གློག་བརྙན་ཞིག་༢༠༡༠ལོའི་སྟོན་ཁར་ལེགས་གྲུབ་ཡོང་བའི་རེ་བ་ཡོད་པ།
སྤེལ་དུས། 2009-10-27   ཡོང་ཁུངས།    རྩོམ་པ་པོ།   སྒྲོལ་མས་བསྒྱུར།

 

      ལྗར་པན་རྒྱལ་ཁབ་ཀྱི་འགུལ་རིས་སྒྲིག་བཟོ་ཀུང་སིMadhouseདང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་སྒྲིག་བཟོ་བྱས་པའིབོད་ཀྱི་འབྲོག་ཁྱིཞེས་པ་ ༢༠༡༠ལོར་ཕྱིར་འགྲེམ་རྒྱུ་ཡིན་ལ། བོད་ཀྱི་འབྲོག་ཁྱིཞེས་པའི་འགུལ་རིས་གློག་བརྙན་ཡོངས་ཁྱབ་ངང་མ་བསྟན་གོང་ལ། ཀྲུང་གོའི་གཞོན་ནུའི་འཐུས་ཚབ་ཚོགས་པའི་སློབ་གྲྭ་ཆེན་མོ་བའི་སློབ་མ་༤༠ཙམ་གྱིས་ཚོགས་པ་གཅིག་བྱས་ནས་ཉེ་ལམ་འགུལ་རིས་གློག་བརྙན་དེའི་ལེའུ་ཁག་ཅིག་ལ་བལྟས་པ་རེད།  
     
Madhouseཀུང་སི་བཙུགས་ནས་ལོ་༤༠ཙམ་ཕྱིན་ཞིང་། ཀུང་སི་འདི་སྒྲིག་བཟོ་དང་འགྲེམ་སྤེལ་བྱས་པའིBECKདང་MONSTERལ་སོགས་པའི་འགུལ་རིས་གློག་བརྙན་ལ་འཛམ་གླིང་སྟེང་སྐད་གྲགས་ཆེན་པོ་ཡོད་པ་དང་། ཡོ་རོབ་དང་ཨེ་ཤ་ཡ་ལ་སོགས་གླིང་ཆེན་དག་ལ་ཁྱབ་ནས་དགའ་བསུ་ཆེན་པོ་ཐོབ་ཅིང་གྲུབ་འབྲས་མི་དམན་པ་ལོན་ཡོད་པ་ཞིག་རེད།
 
བོད་ཀྱི་འབྲོག་ཁྱིཞེས་པས་ཀྲུང་གོ་ཁྱབ་རྒྱ་ཆེ་བའིསྒྲུང་གཏམ་བརྩམས་ཆོས་ཞིག་གཞི་བྱས་ནས།  འགུལ་རིས་གློག་བརྙན་གྱི་ལམ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་རང་བྱུང་བཀོད་པ་དང་འབྲོག་ཁྱིའི་རང་གཤིས་སོགས་ངོ་སྤྲོད་བྱས་ཡོད་པ་རེད།  

 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060